歌词
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
བསོད་ནམས་ཅན་གྱི་ཞིང་ལ་གུས་པའི་གླུ་ཞིག་ལེན།
ཁ་བ་གངས་རིིའི་ལྗོངས་ལ་བསྟོད་པའི་གླུ་དབྱངས་འབུལ།
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
ཚེ་འདིར་མི་ལུས་ཐོབ་སོང་།
གངས་ཅན་བོད་ལ་སྐྱེས་སོང་།
མི་ཚེ་མ་རྫོགས་བར་དུ།
གངས་ལྗོངས་མི་རིགས་འདི་ལ།
བསྟོད་པའི་གླུ་དབྱངས་འབུལ་ལོ།
མི་ཚེ་མ་རྫོགས་བར་དུ།
གངས་ལྗོངས་མི་རིགས་འདི་ལ།
བསྟོད་པའི་གླུ་དབྱངས་འབུལ་ལོ།
དེ་རིང་གནམ་ལ་བཀྲ་ཤིས་ཚེས་བཟང་ལ།
བུ་མོ་ང་ཡིས་གླུ་དབྱངས་འདི་ནས་ལེན།
དབྱངས་རྟ་སྙན་པའི་འགྱུར་ཁུགས་རེ་རེ་ཡིས།
མི་རིགས་འདི་ཡི་སེམས་ཁོང་དྲོན་མོ་བཟོ།
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
ས་མཐའ་མི་ཡུལ་འགྲིམ་པའི་བོད་རིགས་སྤུན་ཟླ་ཚོ།
གཞན་ཡུལ་ལས་ལ་མ་བརྩོན་རང་ཡུལ་ཕྱོགས་ལ་འགྲོ
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
འཛམ་གླིང་ས་ཡི་རྩེ་མོ།
བསོད་ནམས་ཅན་གྱི་ཞིང་ཁམས།
ལྷ་ལྡན་གཙུག་ལག་ཁང་གི་གཟི་ཉམས་ལྡན་པའི་སྐུ་དེ།
ཇོ་བོ་ཡིད་བཞིན་ནོར་བུ།
ལྷ་ལྡན་གཙུག་ལག་ཁང་གི་གཟི་ཉམས་ལྡན་པའི་སྐུ་དེ།
ཇོ་བོ་ཡིད་བཞིན་ནོར་བུ།
བདེ་སྐྱིད་ལྡན་པའི་སྤང་ཐང་འཚོ་བ་དེ།
ལོངས་སུ་སྤྱོད་པ་ང་ཚོའི་གཟི་བརྗིད་ཡིན།
བྱམས་བརྩེ་ལྷག་བསམ་ལྡན་པའི་མི་རིགས་ཁྲོད།
ཚེ་འདིར་མི་ལུས་ཐོབ་པ་བསོད་ནམས་ཡིན།
བདེ་སྐྱིད་ལྡན་པའི་སྤང་ཐང་འཚོ་བ་དེ།
ལོངས་སུ་སྤྱོད་པ་ང་ཚོའི་གཟི་བརྗིད་ཡིན།
བྱམས་བརྩེ་ལྷག་བསམ་ལྡན་པའི་མི་རིགས་ཁྲོད།
ཚེ་འདིར་མི་ལུས་ཐོབ་པ་བསོད་ནམས་ཡིན།
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
ང་སྨོན་ལམ་བཟང་པོའི་ཚེོ་འདིར་མི་ལུས་ཐོབ།
བོད་ཆོས་ལྡན་ཞིང་ལ་སྐྱེས་བའི་སྐལ་བ་བཟང་།
专辑信息