歌词
ཨ་མ།
ཚིག པདྨ་དོན་འགྲུབ།
དབྱངས། དམངས་གཞས།
གཞས་མ། གནམ་མཚོ།
ཞོགས་པའི་སྐྱ་རེངས་དང་འགྲོགས་ནས།།
བརྩེ་སེམས་དྲོད་ཁོལ་དུ་བརྒྱུས་ཏེ།།
མི་སེམས་བྱམས་བརྩེ་ལ་འཚོ་བའི།།
བུ་ཕྲུག་ཡིད་སེམས་ཀྱི་མཚོ་མོར།།
ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
སྦྲ་ནག་ཁ་ཚུབ་ཀྱི་བར་ནས།།
ནམ་ལངས་བཞོ་དབྱངས་སུ་གྱེར་ཏེ།།
ལག་ཟུང་སྨོན་འདུན་ལ་འཚོ་བའི།།
གཅེས་ཕྲུག་ཡིད་སེམས་ཀྱི་མཚོ་མོར།།
རེ་བཞག་མདུན་ལམ་དེ་སྟོན་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
རེ་བཞག་མདུན་ལམ་དེ་སྟོན་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
ལོ་ཟླའི་ལང་ཚོ་ཡི་ལམ་ནས།།
སྙིང་གཏམ་ཕྱེ་ལེབ་ལ་འགུགས་ཏེ།།
ཞབས་ཟུང་རེ་ལྟོས་སུ་འཚོ་བའི།།
གཅེས་ལོའི་ཡིད་སེམས་ཀྱི་མཚོ་མོ།།
སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།།
དྲིན་ཆེན་ཨ་མ་རང་ཡིན་ནོ།།
专辑信息