歌词
སྐྱིད་པའི་ལྷན་འཛོམས།
ཚིག གནམ་མཚོ། ལེན་མཁན། གནམ་མཚོ།
གཞས་ཚིག་སྒྲིག་སྦྱོར། ཡེ་ཤེས་འོད་ཟེར།
ཡར་བལྟས་དགུང་སྔོན་གནམ་ལ།
དགུང་གི་ཉི་ཟླ་སྐར་གསུམ།
གནམ་ལ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
མར་བལྟས་དོག་མོ་ས་ལ།
གངས་ལྗོངས་མདོ་དབུས་ཁམས་གསུམ།
ས་ལ་དགེ་བཅུ་འཛོམ་པའི་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
བར་བལྟས་གཡང་ཁྱིམ་གྲུ་བཞིར།
མི་ལ་རྒན་དར་གཞོན་གསུམ།
ཕ་མ་སྤུན་མཆེད་འཛོམ་པའི་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
ཡར་བལྟས་དགུང་སྔོན་གནམ་ལ།
དགུང་གི་ཉི་ཟླ་སྐར་གསུམ།
གནམ་ལ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
མར་བལྟས་དོག་མོ་ས་ལ།
གངས་ལྗོངས་མདོ་དབུས་ཁམས་གསུམ།
ས་ལ་དགེ་བཅུ་འཛོམ་པའི་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
བར་བལྟས་གཡང་ཁྱིམ་གྲུ་བཞིར།
མི་ལ་རྒན་དར་གཞོན་གསུམ།
ཕ་མ་སྤུན་མཆེད་འཛོམ་པའི་བཀྲ་ཤིས།
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
སྤུན་ཟླ་ལྷན་འཛོམ་ཡོང་བའི་བཀྲ་ཤིས་ཤོག
བཀའ་དྲིན་ཆེ།
专辑信息
1.幸福欢聚
2.幸福家园
3.藏家姑娘
4.三时
5.阿妈
6.我的爱人
7.美好祝愿
8.爱的诺言
9.福运
10.白衣天使