歌词
གཞས་ཚིག་སྒྲིག་སྦྱོར། ཡེ་ཤེས་འོད་ཟེར།
ཆུང་འདྲིས་བྱམས་པ་ངེད་གཉིས།
བརྩེ་སེམས་དར་སྐུད་མདུད་པ།
ཕར་དགའ་ཚུར་འཐད་ཀྱི་སྙིང་གཏམ།
མི་སེམས་རང་དབང་ནི་མི་འདུག
འཇིག་རྟེན་སྣང་བའི་བརྩེ་འདི།
རྡོ་ལ་རི་མོ་བཞིན་བརྐོས་ཡོད།
གཅིག་ལ་གཅིག་འདྲེས་ཀྱི་བརྩེ་འདི།
མཚན་མོའི་རྨི་ལམ་ལས་འཕྲད་ཙམ།
བྱམས་པ་དྲན་སེམས་ཀྱི་གདུང་བ།
ཤ་དང་རུས་གསེང་ནས་སྐྱོ་ཡོང།
འཇིག་རྟེན་སྣང་བའི་བརྩེ་འདི།
རྡོ་ལ་རི་མོ་བཞིན་བརྐོས་ཡོད།
མཛེས་པའི་སྙིང་གི་བྱམས་པ།
ནམ་ཡང་བརྗེད་ཐབས་མི་འདུག།
དྲན་པའི་གླུ་སྐད་འདི་རེ་རེ།
གསན་ན་ཐུགས་ལ་བཞག་རོགས།
འཇིག་རྟེན་སྣང་བའི་བརྩེ་འདི།
རྡོ་ལ་རི་མོ་བཞིན་བརྐོས་ཡོད།
专辑信息
1.好歌今天唱
2.送达莱姆索
3.远方的你
4.恋人
5.福音
6.心灵的呼唤
7.家乡贵德
8.心跳
9.祈祷