歌词
གནས་རྒྱ་གར་འཕགས་པའི་ཞིང་ཁམས་སུ།
རྗེ་ཆེན་མོ་ཕྱག་ན་པདྨོ་བཞུགས།
ཆོས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་སྤེལ།
ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།
གནས་བླ་རུང་ལྔ་རིག་སློབ་གླིང་ན།
རྗེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་བཞུགས།
ཆོས་ལུང་རྟོགས་གཉིས་ཀྱི་བསྟན་པ་སྤེལ།
ཁྱེད་སྐུ་ཚེ་བརྟན་པའིསྨོན་ལམ་འདེབས།
གནས་ཡ་ཆེན་ཆོས་ཀྱི་ཞིང་ཁམས་སུ།
རྗེ་བླ་མ་ནམ་མཁའི་སྙིང་པོ་བཞུགས།
ཆོས་རྫོགས་པ་ཆེན་པོའི་བསྟན་པ་སྤེལ།
ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།
གནས་རྫོགས་ཆེན་ལྷ་ཡི་ཞིང་ཁམས་སུ།
རྗེ་མཆོག་སྤྲུལ་པདྨ་སྐལ་བཟང་བཞུགས།
ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་སྤེལ།
ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།
གནས་མདོ་སྨད་ཁྲི་ཀའི་ཕ་ས་ན།
ངའི་དྲིན་ཅན་རྩ་བའི་བླ་མ་བཞུགས།
ཆོས་རིགས་སྔགས་རྒྱ་མཚོའི་བསྟན་པ་སྤེལ།
ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།
专辑信息