歌词
བདེ་འཇམ་ཡངས་པའི་གནས་ལ།
ཨ་མ་དྲིན་ཆེན་མི་འདུག
ཀུན་བཟང་ནམ་མཁའི་ལྷ་མོ།
ཨ་མ་ཡིན་ན་བསམ་བྱུང་།
མི་ཚོགས་འདུས་པའི་དཀྱིལ་ན།
སྙིང་སྡུག་བྱམས་པ་མི་འདུག
ཡིད་འོང་པད་མ་མེ་ཏོག
བྱམས་པ་ཡིན་ན་བསམ་བྱུང་།
ལྗོན་ཤིང་གཡུ་ལོའི་གསེབ་ལ།
ཡིད་འཕྲོག་རྨ་བྱ་མི་འདུག
མེ་ཏོག་དཀར་སེར་དམར་ལྗང་།
མེ་ཏོག་དཀར་སེར་དམར་ལྗང་།
རྨ་བྱ་ཡིན་ན་བསམ་བྱུང་།
专辑信息