歌曲 / 歌词

阳光下的拉萨

泽旺拉姆Listen on Apple Music

歌词

ཉི་མ་ལྷ་ས།
ཚིག ཡེ་ཤེས་རྡོ་རྗེ།
དབྱངས། བློ་ཚེ།
ལེན་མཁན། ཚེ་དབང་ལྷ་མོ།
སྤྲིན་པ་དཀར་པོའི་སྟེང་གི།།
ཉི་མ་ལྷ་ས་མཛེས་བྱུང་།།
རི་བོ་པོ་ཏ་ལ་ཡི།།
གསེར་གྱི་ཉི་མ་དྲོ་བྱུང་།།
ལྷ་ས། ལྷ་ས།
ཉི་མ་ལྷ་ས།
འགྲོ་བ་མི་ཡི་གནས་མཆོག།
ང་ཡིས་གླུ་དབྱངས་སྙན་མོས།།
དྲན་སེམས་ཁྱེད་ལ་ཞུ་ཡོང་།།
རྒྱ་མཚོ་སྔོན་པོའི་སྟེང་གི།།
ཉི་མ་ལྷ་ས་མཛེས་བྱུང་།།
ལྷ་ལྡན་གཙུག་ལག་ཁང་གི།།
ཕྱག་དང་སྐོར་ར་སྐྱིད་བྱུང་།།
འོ། ལྷ་ས། འོ། ལྷ་ས།
པད་མ་སེར་པོའི་སྟེང་གི།།
ཉི་མའི་ལྷ་ས་མཛེས་བྱུང་།།
དབྱར་གནས་ནོར་བུ་གླིང་ཁའི།།
གླུ་དང་གར་སྟབས་ཡག་བྱུང་།།
ལྷ་ས། ལྷ་ས།
ཉི་མ་ལྷ་ས།
འགྲོ་བ་མི་ཡི་གནས་མཆོག།
ང་ཡིས་གླུ་དབྱངས་སྙན་མོས།།
དྲན་སེམས་ཁྱེད་ལ་ཞུ་ཡོང་།།
རྒྱ་མཚོ་སྔོན་པོའི་སྟེང་གི།།
ཉི་མ་ལྷ་ས་མཛེས་བྱུང་།།
ལྷ་ལྡན་གཙུག་ལག་ཁང་གི།།
ཕྱག་དང་སྐོར་ར་སྐྱིད་བྱུང་།།
ལྷ་ས། ལྷ་ས།
ཉི་མ་ལྷ་ས།
འགྲོ་བ་མི་ཡི་གནས་མཆོག།
ང་ཡིས་གླུ་དབྱངས་སྙན་མོས།།
དྲན་སེམས་ཁྱེད་ལ་ཞུ་ཡོང་།།
ཁྱེད་ལ་དྲན་སེམས་ཞུ་ཡོང་།།
「阳光下的拉萨」

更多歌手作品

专辑信息

阳光下的拉萨 →
  1. 阳光下的拉萨