歌曲 / 歌词

命运如此绝情

三智才让Listen on Apple Music

歌词

ལས་དབང་བསམ་ནག་ཨེ་རེད།
ཚིག སེང་རྡོར།
དབྱངས། མགར་བསམ་གྲུབ་ཚེ་རིང་།
ལེན་མཁན། མགར་བསམ་གྲུབ་ཚེ་རིང་།
སོ་སོའི་ལུང་པར་སྐྱེས་ཏེ།།
རང་རང་ཡུལ་ནས་འཚར་ཏེ།།
མི་ཚེའི་ད་ཚོད་ཅིག་ལ།།
ལྷན་འཛོམས་འཁྱུག་ཙམ་རག་སོང་།།
མི་ཚེའི་ད་ཚོད་ཅིག་ལ།།
ལྷན་འཛོམས་འཁྱུག་ཙམ་རག་སོང་།།
ལས་དབང་ཟེར་ཡ་འདི་རེད།།
སྟེས་དབང་ཟེར་ཡ་འདི་རེད།།
ཆ་མེད་ཕོ་མོའི་བར་ཐག།
རིང་ཡང་ཐུང་ཡང་འདི་རེད།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།
ཕོ་རྐྱང་མོ་རྐྱང་ཡིན་དུས།།
ཐུག་རྒྱུའི་བློ་ཞིག་མེད་ཀྱང་།།
གནས་མ་བུ་ཁྲིད་ཡིན་དུས།།
ད་གཟོད་ག་ཤེད་ཐུག་འོང་།།
གནས་མ་བུ་ཁྲིད་ཡིན་དུས།།
ད་གཟོད་ག་ཤེད་ཐུག་འོང་།།
གོ་སྐབས་ཡོད་དུས་མི་ཐུག།
བཀོད་པ་མེད་དུས་འཕྲད་ཡོང་།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།

更多歌手作品

专辑信息

长明佛灯 →
  1. 祈托
  2. 心中的雪莲(Cover 民间)
  3. 孤独的我
  4. 乡村心思(Cover 彝族民歌)
  5. 命运如此绝情
  6. 命运如此绝情
  7. 爱依旧情依旧
  8. 牧羊女