歌词
ཡུམ་ཆེན
གླུ་ལེན་མཁན་ བློ་བཟང་འཇམ་དབྱངས་
ཐག་རིང་བརྩེ་བའི་ཡུམ་ཆེན་།
མདང་ནུབ་ཁྱེད་རང་དྲན་བྱུང་།
སྙིང་ཁོངས་རུས་པའི་གཏིང་ནས་།
བསམ་ཞིང་དྲན་པ་ཁྱེད་རང་།
ས་ཐག་རྒྱང་བའི་བུ་ང་།
མ་ཁྱེད་འགྲམ་དུ་ཡོད་ན་བསམ་།
ཉིན་རེ་ཉིན་རེ་མེད་པར་།
ཁྱེད་ཀྱི་ཞལ་རས་ཡིད་ལ་འཁོར་།
སྔོན་ཆད་བསམ་བློ་མ་མཐོངས་།
ཁྱེད་ལ་དཀའ་སྡུག་ཚད་མེད་བཏང་།
ད་ཆ་ཧ་རྙེད་གོ་དུས་།
མ་ཁྱེད་རང་བགྲེས་བཞག
ཨོ་    ཡུམ་ཆེན་  ངའི་བརྩེ་བའི་ཡུམ་ཆེན་
ཁྲེད་རང་སྐྱིད་པོ་ཡོང་བའི་  སྨོན་ལམ་འདེབས་།
ཨོ་   ཡུམ་ཆེན་   ངའི་བརྩེ་བའི་ཡུམ་ཆེན་
ཚེ་འདིར་ཁྱེད་ཀྱི་བཀའ་དྲིན་
བུ་ངས་འཇལ་བར་ཞུས་ཆོག
ཡུམ་ཆེན་ཁྱེད་ཀྱི་བཀའ་སློབ་
མ་བརྗེད་སེམས་ལ་བཞག་ཡོད་
མདང་ནུབ་ཟླ་འོད་གསལ་བྱུང་
བྱམས་བརྩེའི་བཞིན་རས་ཡིད་ལ་འཁོར་
མཚན་མོའི་རྨི་ལམ་ནང་དུ་
ཡུམ་ཆེན་ཁྱེད་ལས་མིན་འདུག་
སྔོན་ཆད་བཀའ་དྲིན་མ་འཚོར་
ཁྱེད་ལ་ཕོག་ཐུག་ཚད་མེད་བཏང་
ད་ཆ་ན་སོ་དར་དུས་
ཡུམ་གྱི་བཀའ་དྲིན་དྲན་བྱུང་།
ཨོ་་་   ཡུམ་ཆེན་
ངའི་བརྩེ་བའི་ཡུམ་ཆེན་
ཁྱེད་རང་སྐུ་ཚེ་བརྟན་པའི་
སྨོན་ལམ་འདེབས་
ཨོ་     ཡུམ་ཆེན་
ངའི་བརྩེ་བའི་ཡུམ་ཆེན་
ཚེ་འདིར་ཁྱེད་ཀྱི་བཀའ་དྲིན་
བུ་ངས་འཇལ་བར་ཞུས་ཆོག
ཡུམ་ཆེན་ཁྱེད་ཀྱི་བཀའ་སློབ་
མ་བརྗེད་སེམས་ལ་བཞག་ཡོད་
ནམ་ཞིག་ཨ་མ་ཁྱེད་དང་འཇལ་རྒྱུ་བྱུང་ན་
གནམ་སའི་བར་འགྲོ་དགོས་ཀྱང་
འགྱོད་པ་མེད་
ནམ་ཡང་ཨ་མ་ཁྱེད་དང་བྲལ་དགོས་མ་གཏོང་
དཀོན་མཆོག་ཐུགས་བརྗེས་གཟིགས་དང་
བྲལ་དགོས་མ་གཏོང
《母亲》
歌词大意
远在故乡的母亲
想念再次涌上心头
想念您的温暖
想念您的笑容
远在他乡的孩儿
渴望母亲伴我身旁
孩儿天天想起
母亲慈祥的面容
过去孩儿不懂事
让您受累操劳
现在孩儿长大
但您已双鬓白发
母亲
我深爱的母亲
孩儿祈祷
母亲幸福快乐
母亲
我深爱的母亲
您的恩情孩儿无以回报
您的教诲孩儿难以忘怀
望着天上皎洁的月光
仿佛您慈爱的目光
梦里梦外
都是您的身影
哦     母亲
我深爱的母亲
孩儿深深的祈祷
愿您长寿平安
哦      母亲
我深爱的母亲
您的恩情孩儿无以回报
您的教诲孩儿难以忘怀
总有一天您会离去
若让我走到天地之间
我也愿意
一生一世不要和妈妈离开
愿菩萨保佑
永远不分开
愿菩萨保佑
永远不分开
专辑信息
1.母亲