歌词
རྫ་ཁྲ་ཁྲའི་ཁ་རུ་སྨུག་པས་གཡོགས།
རྩྭ་རྩི་ཏོག་ཟིལ་བ་ཁྲོམ་སེ་ཡག།
ཁའི་སྨུག་སྤྲིན་བར་ན་འབྲོང་མོ་སྐྱིད།།
ཁའི་སྨུག་སྤྲིན་བར་གྱི་འབྲོང་མོ་ཁྱོད།།
ངས་ཡང་ཡང་སྐྱིད་ཀི་སྨོན་ལམ་འདེབས།།
རྫ་ཁྲ་ཁྲའི་རྫ་སྐེད་ནགས་ཀྱིས་གཡོགས།
ཤིང་ལོ་མའི་སྙེ་མ་ཁྲོམ་སེ་ཡག།
ནགས་རྒྱ་རྫོང་དཀྱིལ་ན་སྟག་མོ་སྐྱིད།།
ནགས་རྒྱ་རྫོང་དཀྱིལ་གྱི་སྟག་མོ་ཁྱོད།།
ངས་ཡང་ཡང་སྐྱིད་ཀི་སྨོན་ལམ་འདེབས།།
ཁང་ཀ་བཞི་གདུང་བརྒྱད་གཡང་གིས་ཁེངས།།
ཁྱིམ་བཟའ་ཚང་སྐྱིད་ལ་རོལ་སྲོལ་ཡག།
གནས་གཡང་ཁྱིམ་དཀྱིལ་ན་བདག་མོ་སྐྱིད།།
གནས་གཡང་ཁྱིམ་ཚང་གི་བདག་མོ་ཁྱོད།།
ངས་ཡང་ཡང་སྐྱིད་ཀི་སྨོན་ལམ་འདེབས།།
专辑信息
1.极乐净土祈愿