歌词
རྩི་ཤིང་མགོ་ལྕོག་ལྡེམ་མེར་བལྟས་འདྲ་འདུག།
ཁོར་ཡུག་འཇམ་ཐིང་ཅག་གེར་ཉན་འདྲ་འདུག།
བཀྲ་ཤིས་དུས་ཀྱི་ཉི་མ་ཤར་རམ་ཅི།།
དོན་འགྲུབ་ལས་ཀྱི་ཟླ་བ་ཚེས་སམ་ཅི།།
མ་སྒྲིག་ལས་ཀྱི་རྟེན་འབྲེལ་མགོ་ནས་འགྲིག།
མ་བོས་གཞིས་ཀྱི་མགྲོན་པོ་ཕྱོགས་ནས་ཕེབས།།
རྟགས་དང་རྟེན་འབྲེལ་འགྲིག་པའི་གཞི་མ་ལ།།
གླུ་གར་རོལ་བ་སྐུ་རྒྱལ་བོད་པའི་སྲོལ།།
གནས་འགྲོ་བུ་མོའི་ལས་དབང་གནས་ན་ཡོད།།
གནས་འགྲོ་བུ་མོའི་སེམས་ན་སྐྱིད་སྡུག་གཉིས།།
གནས་འགྲོ་བསམ་ན་ཕ་མ་བསྐྱུར་དཀའ་འི།།
མི་འགྲོ་ཟེར་ན་དགའ་ཡ་གཏོང་དཀའ་འི།།
ཐོབ་ཤོར་ལས་འབྲས་ཁྱེད་ལ་བཅོལ་བ་ནས།།
སྔོན་བསགས་ལས་ཀྱི་བུ་ལོན་ཁྱེད་རང་ཡིན།།
སེམས་ཀྱི་སྐྱིད་སྡུག་གནས་ལ་བཅོལ་བ་ནས།།
ཞེ་འདོད་རི་མོ་འབྲི་ས་ཁྱེད་རང་ཡིན།།
གནས་འགྲོ་བུ་མོའི་ལས་དབང་གནས་ན་ཡོད།།
གནས་འགྲོ་བུ་མོའི་སེམས་ན་སྐྱིད་སྡུག་གཉིས།།
གནས་འགྲོ་བསམ་ན་ཕ་མ་བསྐྱུར་དཀའ་འི།།
མི་འགྲོ་ཟེར་ན་དགའ་ཡ་གཏོང་དཀའ་འི།།
ཐོབ་ཤོར་ལས་འབྲས་ཁྱེད་ལ་བཅོལ་བ་ནས།།
སྔོན་བསགས་ལས་ཀྱི་བུ་ལོན་ཁྱེད་རང་ཡིན།།
སེམས་ཀྱི་སྐྱིད་སྡུག་གནས་ལ་བཅོལ་བ་ནས།།
ཞེ་འདོད་རི་མོ་འབྲི་ས་ཁྱེད་རང་ཡིན།།
专辑信息
1.远嫁