歌词
སྟོད་ནས་ཡོང་བའི་དབུས་གཙང་གྲོགས་པོ་དང་།།
སྨད་ནས་ཡོང་བའི་ཨ་མདོའི་བུ་མོ་དང་།།
བར་ནས་འཛོམས་པའི་ཁམས་པའི་ཕོ་གསར་གསུམ།།
གུས་པ་ཡོད་དོ་བཀྲ་ཤིས་ཁ་བཏགས་འབུལ།།
དགའ་བསུ་ཡོད་དོ་བདུད་བརྩི་ནས་ཆང་འབུལ།།
བརྩེ་བ་ཡོད་དོ་སྙན་པའི་གླུ་ཡིས་བསྟོད།
ང་ཚོ་མཉམ་དུ་འཛོམས་པའི་དགའ་སྟོན་ལ།
བདེ་སྐྱིད་ལྷ་དང་མཉམ་པའི་བྲོ་ཞིག་འཁྲབ།
ཨ་མདོ་རིག་པའི་འབྱུང་བའི་ལྷ་གྲོང་དང་།།
དབུས་གཙང་དམ་ཆོས་འཕེལ་བའི་ཕ་མཁར་དང་།།
ཁམས་པ་དབང་ཐང་དར་བའི་གནས་མཆོག་གསུམ།།
གུས་པ་ཡོད་དོ་དད་པའི་ལྷ་ཕྱག་འཚལ།།
དགའ་བ་ཡོད་དོ་བཀྲ་ཤིས་ཁ་གཡང་འབོད།།
བརྩེ་བ་ཡོད་དོ་མཐུན་པའི་ལག་གདངས་སྦྲེལ།།
ང་ཚོ་མཉམ་དུ་འཛོམས་པའི་དགའ་སྟོན་ལ།།
ལོངས་སྤྱོད་ཀླུ་དང་མཉམ་པའི་གཞས་ཤིག་བཏང་།།
来自卫藏的朋友
来自安多的姑娘
来自康巴的汉子
献哈达迎朋友
敬美酒迎欢乐
唱欢歌迎情怀
我们欢聚一堂
献上歌舞的祝福
安多为文化的中心
卫藏为信仰的净土
康巴为资源的宝库
献虔诚迎美好
敬祝福迎欢乐
以真诚牵情谊
我们欢聚一堂
献上歌舞的祝福
专辑信息
1.来吧