歌词
མགྲོན་ཕར་འགྲོ་ཉི་ཟླ་གླིང་སྐོར་རེད།།
གླིང་མུན་པ་སེལ་བའི་རྟེན་འབྲེལ་རེད།།
ཆང་བདུད་རྩི་བཀྲ་ཤིས་སྒོ་འབྱེད་རེད།།
ཞལ་ཡང་ཡང་འཛོམས་བའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་སྨུག་པ་ཡར་ལངས་རེད།།
རྒྱུ་འབྱོར་བ་མེ་ཏོག་ཡར་རྒྱས་རེད།།
ཆང་བདུད་རྩི་འོ་མའི་འཛུམ་དཀར་རེད།།
ཐུགས་ཤེས་རིག་རྒྱས་པའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་ལྷོ་སྤྲིན་བྱང་བསྐྱོད་རེད།།
སྐྱིད་དགའ་བདེ་སྦྲང་ཆར་མར་མར་རེད།།
ཆང་བདུད་རྩི་ལོངས་སྤྱོད་མགོ་འདྲེན་རེད།།
སྐུ་བདེ་ཐང་ཡོང་བའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་ཁྱུང་ཆེན་ཡར་འཕུར་རེད།།
སྟོབས་དབང་ཐང་ནམ་ཟླ་ཡར་ཚེས་རེད།།
ཆང་བདུད་རྩི་དཔག་བསམ་ཡར་འདབ་རེད།།
ལས་བསམ་དོན་འགྲུབ་པའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་ལྷོ་སྤྲིན་བྱང་བསྐྱོད་རེད།།
སྐྱིད་དགའ་བདེ་སྦྲང་ཆར་མར་མར་རེད།།
ཆང་བདུད་རྩི་ལོངས་སྤྱོད་མགོ་འདྲེན་རེད།།
སྐུ་བདེ་ཐང་ཡོང་བའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་ལྷོ་སྤྲིན་བྱང་བསྐྱོད་རེད།།
སྐྱིད་དགའ་བདེ་སྦྲང་ཆར་མར་མར་རེད།།
ཆང་བདུད་རྩི་ལོངས་སྤྱོད་མགོ་འདྲེན་རེད།།
སྐུ་བདེ་ཐང་ཡོང་བའི་བཀྲ་རེ་ཤིས།།
མགྲོན་ཕར་འགྲོ་ལྷོ་སྤྲིན་བྱང་བསྐྱོད་རེད།།
སྐྱིད་དགའ་བདེ་སྦྲང་ཆར་མར་མར་རེད།།
ཆང་བདུད་རྩི་ལོངས་སྤྱོད་མགོ་འདྲེན་རེད།།
སྐུ་བདེ་ཐང་ཡོང་བའི་བཀྲ་རེ་ཤིས།།
专辑信息
1.吉祥酒歌