《可·是 》ཡིན་ནའི། BUT

歌词
ཡིན་ནའི། 可·是 BUT
词曲:白玛旦增
编曲:趙云
录混:忠贵文化【小多】
1
ང་ཡིས་ཁྱེད་ལ་སྤྲད་པའི་སེམས་ཀྱི་ལག་རྟགས་དེ།
那份以表爱意的信物
ཁྱེད་ཀྱིས་ཆུ་ཡི་ནང་དུ་གཡུག་རོགས་གཡུག་རོགས་གནང་།
请你让它随波漂流
ང་ཡིས་ཁྱེད་ལ་བྲིས་པའི་སེམས་ཀྱི་ཡིག་ཆུང་དེ།
那封写满心动的情书
ཁྱེད་ཀྱིས་མེ་ཡི་ནང་དུ་བསྲེགས་རོགས་བསྲེགས་རོགས་གནང་།
请你将它葬于火海
ང་ཡིས་ཁྱེད་ལ་བཤད་པའི་སེམས་ཀྱི་སྙིང་གཏམ་དེ།
那些深情厚意的真言
ཁྱེད་ཀྱིས་རྣ་བརྒྱབ་རླུང་ལ་བསྐུར་རོགས་བསྐུར་རོགས་གནང་།
请你让它随风飘散
ད་ནས་བཟུང་། སྒྲུང་གཏམ་འདི་མཇུག་སྒྲིལ་སོང་།
至此,浪漫的剧情终将落幕
ད་ནས་བཟུང་། ཡོད་ཚད་ཚང་མ་མཇུག་སྒྲིལ་སོང་།
至此,醉人的执念终将醒悟
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་སེམས་པ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,心归原主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དྲན་གསོ་ཚུར་ལ་སྤྲད་རོགས་གནང་
可是,我必恳请你,忆归宿主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དམ་བཅའ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,诺归言主
ཡིན་ནའི་གའི་ཡོག་མ་རེད། ཚང་མ་དུས་ཚོད་ཀྱིས་ག་ལེར་བརྗེད་སྲིད།
罢了,时间将会淡忘
ཡིན་ནའི་གའི་ཡོག་མ་རེད། ང་རའི་རྨ་ཁ་ང་རས་གསོས་ཆོག
罢了,伤痛我已背负
ཡིན་ནའི་གའི་ཡོག་མ་རེད། ད་ཆ་ང་ཡི་སེམས་ནང་མི་གཞན་ཡོད།
罢了,我心已载花木
2
ང་ཡིས་ཁྱེད་དང་ལེན་པའི་སྔ་མའི་པར་དེ་ཚོ།
那些早已泛黄的相片
ཁྱེད་ཀྱི་འཇིག་རྟེན་ནང་ནས་བསུབ་རོགས་བསུབ་རོགས་གནང་།
请你将它封存勿翻
ང་ཡིས་ཁྱེད་དང་ཕྱིན་པའི་སྔར་སོང་ལོ་ཟླ་དེ།
那些青葱流逝的岁月
ཁྱེད་ཀྱིས་རྨི་ལམ་ཞིག་ལ་བརྩི་རོགས་བརྩི་རོགས་གནང་།
请你将它藏于梦迹
ང་ཡིས་ཁྱེད་ལ་བྲིས་པའི་མཐའ་མའི་གླུ་གཞས་དེ།
这首以曲剧终的别歌
ཁྱེད་རང་སེམས་པ་སྐྱོ་དུས་ཉན་རོགས་ཉན་རོགས་་གནང་།
请你以它慰籍心灵
ད་ནས་བཟུང་། སྒྲུང་གཏམ་འདི་མཇུག་སྒྲིལ་སོང་།
至此,浪漫的剧情终将落幕
ད་ནས་བཟུང་། ཡོད་ཚད་ཚང་མ་མཇུག་སྒྲིལ་སོང་།
至此,醉人的执念终将醒悟
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་སེམས་པ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,心归原主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དྲན་གསོ་ཚུར་ལ་སྤྲད་རོགས་གནང་
可是,我必恳请你,忆归宿主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དམ་བཅའ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,诺归言主
ཡིན་ནའི་གའི་ཡོག་མ་རེད། ཚང་མ་དུས་ཚོད་ཀྱིས་ག་ལེར་བརྗེད་སྲིད།
罢了,时间将会淡忘
ཡིན་ནའི་གའི་ཡོག་མ་རེད། ང་རའི་རྨ་ཁ་ང་རས་གསོས་ཆོག
罢了,伤痛早已麻木
ཡིན་ནའི་གའི་ཡོག་མ་རེད། ད་ཆ་ང་ཡི་སེམས་ནང་མི་གཞན་ཡོད།
罢了,我心已载花木
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་སེམས་པ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,心归原主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དྲན་གསོ་ཚུར་ལ་སྤྲད་རོགས་གནང་
可是,我必恳请你,忆归宿主
ཡིན་ནའི་ལས། ཁྱེད་ཀྱིས་ང་ཡི་དམ་བཅའ་ཚུར་ལ་སྤྲད་རོགས་གནང་།
可是,我必恳请你,诺归言主
ཡིན་ནའི་གའི་ཡོག་མ་རེད། ཚང་མ་དུས་ཚོད་ཀྱིས་ག་ལེར་བརྗེད་སྲིད།
罢了,时间将会淡忘
ཡིན་ནའི་གའི་ཡོག་མ་རེད། ང་རའི་རྨ་ཁ་ང་རས་གསོས་ཆོག
罢了,伤痛早已麻木
ཡིན་ནའི་གའི་ཡོག་མ་རེད། ད་ཆ་ང་ཡི་སེམས་ནང་མི་གཞན་ཡོད།
罢了,我心已载花木
ཡིན་ནའི་གའི་ཡོག་མ་རེད། ནམ་ཡང་ང་ཡི་སེམས་ནང་ཁྱེད་ལས་མེད།
罢了,向来缘浅,奈何情深
专辑信息
1.《可·是 》ཡིན་ནའི། BUT