歌词
PaMa-ཕ་མ། -父母
ཚིག་གདངས པདྨ་བསྟན་འཛིན།
词曲唱:白玛旦增
རོལ་དབྱངས་སྒྲིག་བཟོ། འབྲོང་རྒོད་རིག་གནས་བློ་གསལ།
音乐制作:WILDYAK Studio 洛色
སྒྲ་འཇུག་སྒྲིག་བཟོ། འབྲོང་རྒོད་རིག་གནས་རྡོ་རྗེ།
录混:WILDYAK Studio 小多
ཕ་མ་གཉིས་ཀྱིས་བཟའ་མཁས་འཐུང་མཁས་བྱས།
父母一贯省吃俭用
བུ་ཆུང་ང་ཡིས་རྒྱས་སྤྲོས་ལོངས་སྤྱོད་བྱས།
孩儿却只顾铺张浪费
ཕ་མ་གཉིས་ཀྱིས་བསགས་གང་ཐུབ་བྱས།
父母每时每刻为孩儿积攒
བུ་ཆུང་ང་ཡིས་གཏོར་གང་ཐུབ་བྱས།
孩儿却只顾潇洒挥霍
ཨ་ཙི། ཕ་མ་དྲིན་ཆེ་ཤོས་རེད་བཞག
啊…..世间父母恩情最大
ཕ་མ་ལས་ཀྱང་ལྷག་པ་སུ་ཡང་མིན་འདུག
谁人比肩父母的伟大
ཨ་ཙི། ཕ་མ་རྩ་ཆེ་ཤོས་རེད་བཞག
啊….世上父母最重要
ཕ་མ་ལས་ཀྱང་ལྷག་པ་སུ་ཡང་མིན་འདུག
谁人比肩父母的重要
ཀྱེ་མ་ཀྱེ་མ་ཀྱེ་ཧུད། གནམ་འོག་ཕ་མའི་སེམས་པ།
呜呼…..可怜天下父母心
ཀྱེ་མ་ཀྱེ་མ་ཀྱེ་ཧུད། དེ་འདྲིའི་ཡ་ང་བ་ལཱ།
呜呼.....如此催人泪
ཕ་མས་སྐྱིད་པའི་དུས་སུ་ཕྲུ་གུ་དྲན།
父母身处快乐,第一时间惦记孩儿
བུ་ངས་སྡུག་དུས་གཞི་ནས་ཕ་མ་དྲན།
孩儿在外受苦,才会想起父母
ཕ་མས་ཕྲུ་གུ་ཆེན་པོ་ཆགས་ན་བསམ།
父母只顾着孩儿长大成人
བུ་ང་ཆེན་པོ་ཆགས་དུས་ཕ་མ་རྒས།
却忘记了自己日渐衰老
ཨ་ཙི། ཕ་མ་དྲིན་ཆེ་ཤོས་རེད་བཞག
啊…..世间父母恩情最大
ཕ་མ་ལས་ཀྱང་ལྷག་པ་སུ་ཡང་མིན་འདུག
谁人比肩父母的伟大
ཨ་ཙི། ཕ་མ་རྩ་ཆེ་ཤོས་རེད་བཞག
啊….世上父母最重要
ཕ་མ་ལས་ཀྱང་ལྷག་པ་སུ་ཡང་མིན་འདུག
谁人比肩父母的重要
ཡུམ་ཆེན་ཡུམ་ཆེན་ཨ་མ་ལགས།
母亲..慈祥的母亲
ཁྱེད་རང་བཀའ་དྲིན་ཆེ་བྱུང་།
感恩您给予的一切
ཡབ་ཆེན་ཡབ་ཆེན་པཱ་ལགས།
父亲…伟大的父亲
ཁྱེད་རང་སྐུ་ལས་ཁག་སོང་།
说声您受累了
ད་ཆ། ང་རང་ཕྲུ་གུའི་ཕ་མ་ཆགས་དུས།
如今,孩儿已是为人父母
གཞི་ནས། ཕ་མའི་བཀའ་དྲིན་དྲན་བྱུང་།
才知为人父母的种种不易
ད་ཆ། ང་རང་ཕྲུ་གུའི་ཕ་མ་ཆགས་དུས།
如今,孩儿已是为人父母
གཞི་ནས་ཕ་མའི་སེམས་ཁྲལ་ཤེས་བྱུང་།
方知为人父母承受的担忧
འཛམ་གླིང་འདི་ཡི་སྟེང་ལ། ནམ་ཡང་འགྱུར་བ་མེད་པ།
这世间,唯一永成不变的
ཕ་མས་བུར་ངར་བཅངས་པའི་བརྩེ་བ་ཡིན།
是父母对孩儿的爱
བསྐལ་པ་སྟོང་ལ་འགྱུར་ཡང་།
沧海可变桑田
བུ་ངས་བརྗེད་ཐབས་མེད་པ་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན།
孩儿永远牢记父母恩
འཛམ་གླིང་འདི་ཡི་སྟེང་ལ། ནམ་ཡང་འགྱུར་བ་མེད་པ།
这世间,唯一永成不变的
ཕ་མས་བུར་ངར་བཅངས་པའི་བརྩེ་བ་ཡིན།
是父母对孩儿的爱
བསྐལ་པ་སྟོང་ལ་འགྱུར་ཡང་།
沧海可变桑田
བུ་ངས་བརྗེད་ཐབས་མེད་པ་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན།
孩儿永远牢记父母恩
ཕ་མ་གཉིས་པོ་སྐུ་ཚེ་རིང་བར་ཤོག
愿天下父母健康长寿。
专辑信息