歌词
རི་རྒྱུད་ཅིག་གི་ཕར་ན་ཁྱེད་རང་ཡོད།
你在山的另一边
ཚིག་དབྱངས། རྡོ་རྗེ་བཀྲ་ཤིས།
词曲 多杰扎西
ཧེ་་་་
嗨......
སིམ་སིམ་ཆར་བ་དགུང་ནས་བབས།
天空下起绵绵细雨
རླུང་གིས་བསིལ་བསིལ་གདོང་ལ་བྱུགས།
阵阵微风吹拂脸庞
སྤང་ཐང་་་་
草原......
སྤང་ཐང་མེ་ཏོག་སྣ་བརྒྱ་བཞད།
无垠草原百花齐放
དྲི་བསུང་གྱ་གྱུར་སྣ་བར་འཐུལ།
幽幽花香沁入肺腑
ངས་་་་་་
我......
མཛེས་ལྗོངས་ཡོངས་ནི་མཐོང་མ་བྱུང་།
竟无心领略此美景
དྲན་པར་ཁྱེད་ཀྱི་ཞལ་རིས་གསལ།
念念不忘是你芳容
སེམས་པར་་་་་་
心中......
ཡོངས་སུ་དྲི་བས་ཁེངས་ ཁྱེད་རང་
满是疑问 你
ད་ལྟ་ཕྱག་ལས་གང་ལ་བྲེལ།
此刻正在忙些什么
རི་རྒྱུད་ཅིག་གི་ཕར་ན་ཁྱེད་རང་ཡོད།
你在山的另一边
རྒྱང་རིང་གནས་ན་ཡོད།
在遥远的地方
ད་ལྟ་ཕྱུགས་རྫིའི་ལས་ལ་བྲེལ་ཡང་སྲིད།
或许此时正忙着放牧吧
འབྲོག་པའི་བུ་མོ། ལས་བཟང་ན་
牧民姑娘 若有幸
དགུང་སྔོན་གཅིག་གི་འོག་ནས།
在同一个蓝天下
མཁའ་དབུགས་གཅིག་ལ་ཁྱེད་དང་མཉམ་དུ་འབྱིན་རྔུབ་བྱེད་ཀྱང་སྲིད།
也许正与你呼吸着同一片空气
ལྟད་མོ་་་་་་
繁华......
འཇིག་རྟེན་སྒྱུ་མའི་ལྟད་མོ་བགྲང་མི་ལང་།
世间诱人的繁华 不可胜数
གཡོ་མེད་སེམས་ཀྱིས་རྒྱང་དུ་བཀག
我心自岿然不动 拒之于千里之外
དབང་མེད་་་་་་
无奈......
ངོ་མཚར་ཁྱེད་ཀྱི་ལྟད་མོ་སེམས་ལ་ཟུག
你的繁华深微玄妙 直击我心
དུས་ཡུལ་རིང་བས་འགོག་མ་ནུས།
无论时空相隔多远 也未能阻挡
ངས་་་་་་
我......
ཁྱེད་ཉིད་དྲན་ཚེ་སེམས་པར་སྒྲིབ་པའི་སྐྱོ་བའི་སྤྲིན་བྲལ་སྤྲོ་བའི་ཀུན་གསལ་ནམ་མཁའ་དྭངས་ཤིང་གསལ།
想起你时 内心忧闷的云层尽数散去 愉悦的天空如此明朗
ངས་་་་་་
我......
ཁྱེད་རང་དྲན་པའི་སེམས་ཀྱི་ཚོར་བ་གཉིས་མེད་མཚོན་བྱེད་ཉི་མ་སེར་པོ་མཁའ་ན་ཚ་ཟེར་ཟེར།
想你的感受 犹如火红的太阳 在天空如此炽热
རི་རྒྱུད་ཅིག་གི་ཕར་ན་ཁྱེད་རང་ཡོད།
你在山的另一边
རྒྱང་རིང་གནས་ན་ཡོད།
在遥远的地方
ད་ལྟ་ཕྱུགས་རྫིའི་ལས་ལ་བྲེལ་ཡང་སྲིད།
或许此时正忙着放牧吧
འབྲོག་པའི་བུ་མོ། ལས་བཟང་ན་
牧民姑娘 若有幸
དགུང་སྔོན་གཅིག་གི་འོག་ནས།
在同一个蓝天下
མཁའ་དབུགས་གཅིག་ལ་ཁྱེད་དང་མཉམ་དུ་འབྱིན་རྔུབ་བྱེད་ཀྱང་སྲིད།
也许正与你呼吸着同一片空气
ཧེ་་་་
嗨......
རི་རྒྱུད་ཅིག་གི་ཕར་ན་ཁྱེད་རང་ཡོད།
你在山的另一边
རྒྱང་རིང་གནས་ན་ཡོད།
在遥远的地方
ད་ལྟ་ཕྱུགས་རྫིའི་ལས་ལ་བྲེལ་ཡང་སྲིད།
或许此时正忙着放牧吧
འབྲོག་པའི་བུ་མོ། ལས་བཟང་ན་
牧民姑娘 若有幸
ཁང་ཁྱིམ་གཅིག་གི་ནང་ནས།
在同一个屋檐下
མི་ཚེ་གཅིག་ལ་ཁྱེད་དང་མཉམ་དུ་བདེ་སྐྱིད་རོལ་ཡང་སྲིད།
也许能够一辈子与你享受人间幸福
དཱ་ར་ར་་་་་་ དཱ་ར་ར་་་་་་
Darara...... Darara......
དཱ་ར་ར་་་་་་ དཱ་ར་ར་་་་་་
Darara...... Darara......
ཡིན་ཡང་འདི་འདྲའི་བདེ་སྐྱིད་སྟོང་བསམ་ཡིན་པ་ངས་ཀྱང་ཤེས།
但我也知道这样的幸福 只能是我的幻想
专辑信息
1.你在山的另一边