歌曲 / 歌词

阿克斑马

侯奕辰才仁帮巴Listen on Apple Music

歌词

作词: 华尔贡
作曲: 华尔贡
男:
ཨ་ཁུ་པདྨ་ཡེ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད།
ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།
ཡེ།་་་་་་ཨ་ཁུ་པདྨ་ཡེ།
ཡེ།་་་་་་རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།
ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།
ཡེ།་་་་་་ཨ་ཁུ་པདྨ་ཡེ།
ཡེ།་་་་་་སྟག་ཤར་བ་དུང་གི་སོ་སྒོ་ཅན།
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད།
女:
ཨ་ཁུ་པདྨ་ཡེ།
བྱ་ངང་བ་གསེར་གྱི་གཤོག་སྒྲོ་ཅན།
ཡར་འཕུར་ན་སྤང་གི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
ཚུར་འཕུར་ན་མཚོ་མོའི་སྐྱིད་ཅིག་རེད།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།
ཨ་ཁུ་པདྨ་ཡེ། ཡེ།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།
女:
ཨ་ཁུ་པདྨ་ཡེ།
སྟག་ཤར་བ་དུང་གི་སོ་སྒོ་ཅན།
ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད།
ཨ་ཁུ་པདྨ་ཡེ།
ཚུར་ཡོང་ན་ན་ཟླའི་རྒྱན་ཞིག་རེད།
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད།
男:
ཡེ།་་་་་་ཨ་ཁུ་པདྨ་ཡེ།
ཡེ།་་་་་་རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།
ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།
ཡེ།་་་་་་ཨ་ཁུ་པདྨ་ཡེ།
ཡེ།་་་་་་སྟག་ཤར་བ་དུང་གི་སོ་སྒོ་ཅན།
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད།

更多歌手作品

专辑信息

阿克斑马 →
  1. 阿克斑马