歌词
ཚིག འཕྱོངས་རྒྱས་བསོད་དབང་།
གདངས། དབུ་རྒྱན།
གཞས་པ། འཕྱོངས་རྒྱས་བསོད་དབང་།
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
ལས་དང་ལས་འཕྲོ་ཟེར་བར།
ཡིད་ཆེས་གཏན་ནས་མིན་འདུག
མཉམ་དུ་འགྲོ་བའི་དམ་བཅའ།
ནམ་མཁའི་འཇའ་ལྟར་ཡལ་སོང་།
བུ་ཆུང་ང་ལ་ལུས་པ།
སྡུག་བསྔལ་གཅིག་པུ་རེད་ཤག
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
ཁ་མཁས་ཚིག་སྙན་དེ་ལ།
ཡིད་ཆེས་གཏན་ནས་མིན་འདུག
ད་ཆ་བུ་ང་གཅིག་པུ།
ཁེར་རྐྱང་འཚོ་བར་གོམས་ཤག
ཁྱེད་རང་འགྲོ་བའི་ལམ་ལ།
བར་ཆད་མེད་པའི་སྨོན་ལམ།
ཨོའོ། ཡ་ཧེ་ཡེ།
ཉམ་ཆུང་བུ་ངའི་ལས་ལ་གཟིགས་དང་།
ཨོའོ། ཡ་ཧེ་ཡེ།
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
ཉིད་ནས་ངའི་གླུ་གཞས་གསན་པར་སྙིང་དབུས་ནས་ཐུགས་ཆེ་ཞུ། བཀྲ་ཤིས་བདེ་ལེགས།
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
ལས་དང་ལས་འཕྲོ་ཟེར་བར།
ཡིད་ཆེས་གཏན་ནས་མིན་འདུག
མཉམ་དུ་འགྲོ་བའི་དམ་བཅའ།
ནམ་མཁའི་འཇའ་ལྟར་ཡལ་སོང་།
བུ་ཆུང་ང་ལ་ལུས་པ།
སྡུག་བསྔལ་གཅིག་པུ་རེད་ཤག
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
ཁ་མཁས་ཚིག་སྙན་དེ་ལ།
ཡིད་ཆེས་གཏན་ནས་མིན་འདུག
ད་ཆ་བུ་ང་གཅིག་པུ།
ཁེར་རྐྱང་འཚོ་བར་གོམས་ཤག
ཁྱེད་རང་འགྲོ་བའི་ལམ་ལ།
བར་ཆད་མེད་པའི་སྨོན་ལམ།
ཨོའོ། ཡ་ཧེ་ཡེ།
ཉམ་ཆུང་བུ་ངའི་ལས་ལ་གཟིགས་དང་།
ཨོའོ། ཡ་ཧེ་ཡེ།
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
སེམས་པ་སྐྱོ་དགོས་མིན་འདུག
མིག་ཆུ་གཏོང་དོན་མིན་འདུག
专辑信息
1.Nyima Middle school
2.尼玛-牧人的天堂
3.Chonggye Gorshay
4.Dekyi Denpey Kongyul
5.Renchen Mitse
6.Daweywokiy Lhuchung
7.雪山忠魂
8.Lie
9.Dawa Dolma