歌词
བརྩེ་བའི་མཆོད་པ།
གཞས་ཚིག། ཐོ་ཡོར།
གཞས་དབྱངས། སྐལ་བཟང་རྒྱལ།
གཞས་མ། ཚེ་མོ་མཚོ།
࿄࿄࿄
དཀར་ཡོལ་དཀར་གཙང་ནང་ལ།།
འོ་མའི་མཆོད་པ་བཤམས་ཡོད།།
རི་མོ་དུང་དཀར་གཡས་འཁྱིལ།།
དཀོན་མཆོག་ལྷ་ཡིས་བསྲུང་ཡོད།།
གསོམ་དཀར་ཆུ་ཟེའུ་ནང་ལ།།
དངུལ་དཀར་གཙང་ཆུ་བཅུས་ཡོད།།
སེམས་པ་སོང་བའི་མི་ལགས།།
མཆོད་ཁ་ལན་གསུམ་གནང་དང་།
ཨོ་ཧོ་ཧོ
བློ་དཀར་ཡིད་ཀྱི་བྱམས་པ།།
བྱམས་པ་སྙིང་གི་མེ་ཏོག།
བྱམས་པ་སྙིང་གི་མེ་ཏོག།
࿄࿄࿄
སྡེ་ཆེན་རྩེད་རའི་ནང་ནས།།
སྙན་མོའི་གཞས་ཤིག་བླངས་ཡོད།།
གཞས་ཆུང་རང་གྲགས་མ་རེད།།
ཞེ་ཚིག་མདུད་པ་རང་གྲོལ།།
གོས་ཆེན་འབྲུག་རིས་སྟེང་ལ།།
གསེར་སྐུད་རི་མོ་ཕབས་ཡོད།།
སེམས་པ་སོང་བའི་མི་ལགས།།
སྤྱན་གྱིས་གཟིགས་པ་གནང་དང་།།
ཨོ་ཧོ་ཧོ
བློ་དཀར་ཡིད་ཀྱི་བྱམས་པ།།
བྱམས་པ་སྙིང་གི་མེ་ཏོག།
བྱམས་པ་སྙིང་གི་མེ་ཏོག།
ཨོ་ཧོ་ཧོ
བློ་དཀར་ཡིད་ཀྱི་བྱམས་པ།།
བྱམས་པ་སྙིང་གི་མེ་ཏོག།
བྱམས་པ་སྙིང་གི་མེ་ཏོག།
བྱམས་པ་སྙིང་གི་མེ་ཏོག།
RengTsing文化传媒