嘎瓦松布

歌词
སྐལ་བ་བཟང་པོ་ལ་ཡེ།
སྐལ་བ་བཟང་པོ་ལ་ཡེ། དེ་རིང་བཀྲ་ཤིས་ཉི་མ། སྐལ་བ་བཟང་པོ་ལ་ཡེ།
ཕ་མ་སྤུན་མཆེད་འཛོམས་སོང་། སྐོར་བྲོ་འཁྲབ། སྐལ་བ་བཟང་པོ་ལ་ཡེ། ²
སྐལ་བ་བཟང་པོ་ལ་ཡེ། དེ་རིང་ཚེས་བཟང་ཉི་མ། སྐལ་བ་བཟང་པོ་ལ་ཡེ།
གྲོགས་པོ་གྲོགས་མོ་འཛོམས་སོང་། ཞབས་བྲོ་ཁྲབ། སྐལ་བ་བཟང་པོ་ལ་ཡེ། ²
སྐལ་བ་བཟང་པོ་ལ་ཡེ། དེ་རིང་ཉི་མ་བཟང་སྐར་བཟང་། སྐལ་བ་བཟང་པོ་ལ་ཡེ།
རིགས་མཐུན་སྤུན་ཟླ་འཛོམས་སོང་། བྲོ་གར་འཁྲབ། སྐལ་བ་བཟང་པོ་ལ་ཡེ། ²
专辑信息
1.嘎瓦松布