མ་ཡུམ་སློབ་གྲྭ 母校

歌词
མ་ཡུམ་སློབ་གྲྭ
ཚིག བསྟན་འཛིན་བཟང་པོ།
དབྱངས། བསྟན་འཛིན་བཟང་པོ།
གཞས་པ། བསྟན་འཛིན་བཟང་པོ།
ལང་ཚོའི་མེ་ཏོག་འགྲོགས་ཏེ།།
མ་ཡུམ་སློབ་གྲྭར་འགྲིམས་པས།།
བསམ་གཞིགས་མཚོ་མོ་འཁྱིལ་ནས།།
ཕུག་བསམ་ནོར་བུ་འཁྲུངས་སོང་།།
ཁྱོད་ནི་ང་ཡི་མིག་ཟུང་།།
ཁོང་གི་སྙིང་ཆུང་དམར་པོ།།
ཤེས་རིག་འོ་མས་གསོ་མཁན།།
བརྩེ་བའི་མ་ཡུམ་སློབ་གྲྭ།།
ཡུན་རིང་ཁྱོད་དང་འགྲོགས་པས།།
ཁྱེད་ཀྱི་གཤིས་བཟང་མཇལ་བྱུང་།།
ང་ཡི་སེམས་ཀྱི་གཏིང་རིམ།།
ཁྱོད་ཀྱི་བག་ཆགས་འཐིམ་ཡོད།།
མ་ཡུམ་སློབ་གྲྭ་ཆེན་མོ།།
སེམས་ཀྱི་གཞིས་ཁྱིམ་དྲོ་མོ།།
འོད་སྟོང་མདུན་སྐྱོད་ལམ་བུ།།
ནམ་ཡང་མི་འབྲལ་གཏན་གྲོགས།།
མ་ཡུམ་སློབ་གྲྭ་ཆེན་མོས།།
བསྐྱངས་པའི་བུ་དང་བུ་མོ།།
བློ་གསལ་གཞོན་ནུ་མང་པོ།།
བོད་ལྗོངས་རྒྱན་དུ་འགྱུར་སོང་།།
母校
作词:旦增桑布
作曲:旦增桑布
演唱:旦增桑布
花样年华之际
踏上学途之旅
梦想圣湖之面
闪烁希望之光
像心灵的窗户
像灵魂的摆渡
像慈母的鲜奶
敬育人之母校
经与长期相伴
已感您的善良
在我心灵之处
留下不舍情分
伟大母亲学校
是我心灵归宿
为我辉煌前程
永伴在我心里
伟大母亲学校
所育雪域之子
以及有志青年
再创雪域光辉
专辑信息
1.མ་ཡུམ་སློབ་གྲྭ 母校