歌词
གངས་ལ་རི་བོའི་རྩེ་ནས་ཉི་མ་ཤར།
སྐྱེས་རྒན་རྒོན་ཕོ་མོའི་གདོང་ལ་འཛུམས་མདངས་རྒྱས།
རྩྭ་རྩེ་ཏོག་མགོ་ལྕོག་ལྡེམ་ལྡེམ་ལྡེམ།
གཡང་ལུག་ཆུང་འབའ་སྒྲ་ལྷང་སེ་ཡ་ལ་ལྷང་།
ང་དགའ་བའི་གླུ་དབྱངས་དེ་རིང་ལེན།
ང་སྐྱིད་པའི་སྐོར་བྲོ་དེ་རིང་ཡ་ལ་རྩེད།
རྩྭ་རྩེ་ཏོག་མགོ་ལྕོག་ལྡེམ་ལྡེམ་ལྡེམ།
གཡང་ལུག་ཆུང་འབའ་སྒྲ་ལྷང་སེ་ཡ་ལ་ལྷང་།
ང་དགའ་བའི་གླུ་དབྱངས་དེ་རིང་ལེན།
ང་སྐྱིད་པའི་སྐོར་བྲོ་དེ་རིང་ཡ་ལ་རྩེད།
说唱﹕དགུང་ཉི་མ་རི་ལ་ཤར་བའི་དུས།
ས་ཐག་རིང་བའི་གླུ་དེ་ཁྱེད་ལ་ལེན།
སྤང་མེ་ཏོག་འདྲ་བའི་བརྩེ་སེམས་ཁྱེད་ལ་བཅང་།
བུ་ང་ཡི་གླུ་ཆུང་ཁྱེད་ལ་ལེན།
བུ་ང་ཡི་གླུ་འདི་ཁྱེད་ལ་བཞག་ཡོད།
གངས་ལ་རི་བོའི་རྩེ་ནས་ཉི་མ་ཤར།
སྐྱིས་རྒན་རྒོན་ཕོ་མོའི་གདོང་ལ་འཛུམས་མདངས་རྒྱས།
རྩྭ་རྩེ་ཏོག་མགོ་ལྕོག་ལྡེམ་ལྡེམ་ལྡེམ།
གཡང་ལུག་ཆུང་འབའ་སྒྲ་ལྷང་སེ་ཡ་ལ་ལྷང་།
ང་དགའ་བའི་གླུ་དབྱངས་དེ་རིང་ལེན།
ང་སྐྱིད་པའི་སྐོར་བྲོ་དེ་རིང་ཡ་ལ་རྩེད།
རྩྭ་རྩེ་ཏོག་མགོ་ལྕོག་ལྡེམ་ལྡེམ་ལྡེམ།
གཡང་ལུག་ཆུང་འབའ་སྒྲ་ལྷང་སེ་ཡ་ལ་ལྷང་།
ང་དགའ་བའི་གླུ་དབྱངས་དེ་རིང་ལེན།
ང་སྐྱིད་པའི་སྐོར་བྲོ་དེ་རིང་ཡ་ལ་རྩེད།
ཆང་བདུད་རྩེ་ཟེལ་མ་ལྡེམ་ལྡེམ་ལྡེམ།
སྐྱེས་ཕོ་མོའི་དགོད་སྒྲ་ལྷང་སེ་ལྷང་།
དུས་དེ་རིང་མཉམ་དུ་མཛོམས་པ་ལ།
དུས་ནམ་ཡང་འཛོམས་པའི་སྨོན་ལམ་ཡང་ཡང་འདེབས།
དུས་དེ་རིང་མཉམ་དུ་མཛོམས་པ་ལ།
དུས་ནམ་ཡང་འཛོམས་པའི་སྨོན་ལམ་ཡ་ལ་འདེབས།
专辑信息