歌词
ཨེ་མ་ལན་གཅིག་གསུང་ལ་
གཞས་པ་ ལྷག་པ་ཚེ་རིང་
ཨེ་མ་ལན་གཅིག་གསུང་དང
རི་དེ་མཐོན་པོ་ཡར་གི་རྩེ་མོ་ནས་ལ
བུ་ངས་སྐད་གསང་མཐོན་པོས་གླུ་ཞིག་བླངས་
གླུ་གཞས་ལ་མང་པོ་ཡོད་པའི་ ཡོད་ངོམ་ཞུས་པ་མིན་ལ་
གསུང་སྐད་ལ་སྙན་པོ་ཡོད་མིན་བལྟས་པ་ཡིན་
གླུ་གཞས་ལ་མང་པོ་ཡོད་པའི་ ཡོད་ངོམ་ཞུས་པ་མིན་ལ་
གསུང་སྐད་ལ་སྙན་པོ་ཡོད་མིན་བལྟས་པ་ཡིན་
ཨེ་མ་ལན་གཅིག་གསུང་ལ་
སྔོ་ལ་དྭངས་ཞིང་གཙང་བའི་ཆུ་མོའི་འགྲམ་ནས་
བུ་ངས་མངར་བསིལ་ལྡན་པའི་ཆང་ལ་ཆུ་ཞིག་བརྒྱབ
མཆོད་ཆང་ལ་མང་པོ་ཡོད་པའི་ ཡོད་ངོམ་ཞུས་པ་མིན་ལ་
མཆོད་ཆང་ལ་མངར་བསིལ་ལྡན་པའི་བྲོ་བ་གཟིགས་རོགས་གནང་
མཆོད་ཆང་ལ་མང་པོ་ཡོད་པའི་ ཡོད་ངོམ་ཞུས་པ་མིན་ལ་
མཆོད་ཆང་ལ་མངར་བསིལ་ལྡན་པའི་བྲོ་བ་གཟིགས་རོགས་གནང་
ཨེ་མ་ལན་གཅིག་གསུང་ལ་
ང་ཚོ་ལ་འདི་རུ་འཛོམས་ལ་འཛོམས་པའི་བཀྲ་ཤིས་ཤོག་
གཏན་དུ་འཛོམ་རྒྱུ་བྱུང་བའི་བཀྲ་ལ་ཤིས་པ་ཤོག་
དགའ་བ་ལ་སྐྱིད་། ཤེས་བྱའི་སྡོང་པོ་ལ་
ཕུན་ཚོགས་ལ་བདེ་སྐྱིད་འཛོམ་པའི་བཀྲ་ལ་ཤིས་པ་ཤོག་
དགའ་བ་ལ་སྐྱིད་། ཤེས་བྱའི་སྡོང་པོ་ལ་
ཕུན་ཚོགས་ལ་བདེ་སྐྱིད་འཛོམ་པའི་བཀྲ་ལ་ཤིས་པ་ཤོག་
ཕུན་ཚོགས་ལ་བདེ་སྐྱིད་འཛོམ་པའི་བཀྲ་ལ་ཤིས་པ་ཤོག་
བཀྲ་ལ་ཤིས་པ་ཤོག་
专辑信息