默-藏语版2(Cover 那英)

歌词
原唱:那英
作曲:钱雷
原创作词:尹约
翻唱作词:米玛扎西
ཁྱེད་དང་ཕུགས་འདུན།
སྔོ་བསངས་ནམ་མཁའི་ཐང་དཀར་རྒོད་པོ་དེ་ནི།
བུ་ཆུང་ང་ཡི་ཕུགས་འདུན་འཚོལ་ཕྱིར་འཕུར།
ན་ཚོད་ཕྲ་དུས་བསམ་ཤེས་མེད་པའི་ང་ནི།
ག་ལེ་ནས་ག་ལེར་ཁ་རོག་ཏུ་སྡོད་རྒྱུར་དགའ།
གལ་སྲིད་ཉིན་ཞིག
སེམས་པའི་མི་དེར།
དགའ་གིས་ཟེར།
གཅིག་བྱས་ན་ཁྱེད་དང་ཕུགས་འདུན་ཤོར་སྲིད།
འགྱོད་པ་མེད།
གནོངས་འགྱོད་མེད།
ཕུགས་འདུན་སེམས་པར་གལ་འགངས་ཆེ།
ཁྱེད་ཀྱང་དེ་དང་གཅིག་མཚུངས་ཡིན།
དགའ་མ།
གལ་སྲིད་ནི་ཁྱེད་དང་ཕུགས་འདུན་ཤོར་ན།
བྲལ་མི་ཕོད།
ངུ་ངག་ཤོར།
ཡིན་ཀྱང་དེ་ནི་འཇིག་རྟེན་ལས།
མི་འདོད་བཞིན་དུ་བྲལ་དགོས་རེད།
སྐྱོན་མེད།
སྔོ་བསངས་ནམ་མཁའི་ཐང་དཀར་རྒོད་པོ་དེ་ནི།
བུ་ཆུང་ང་ཡི་ཕུགས་འདུན་མཐོང་ཕྱིར་འཕུར།
ན་ཚོད་ཕྲ་དུས་བསམ་ཤེས་མེད་པའི་ང་ནི།
ག་ལེ་ནས་ག་ལེར་གཅིག་པུར་སྡོད་རྒྱུར་དགའ།
ཉིན་ནས་ཉིན་བར།
ལོ་ནས་ལོ་བར།
ཁྱོད་ལ་དུངས།
ཕུགས་འདུན་ནི་ཚང་མས་བརྩི་མཐོངས་ཤིན་ཏུ་ཆེ།
གློད་མི་སྲིད།
རྗེས་སུ་སྙེགས།
ཁྱེད་ཀྱང་དེ་དང་གཅིག་མཚུངས་ཡིན།
སེམས་པའི་དྲན་གསོ་ཁྱེད་ལ་ཕུལ།
མཛེས་མ།
མེ་ཏོག་ཀུ་མུད་བསིལ་ཟེར་ཕྱོགས་སུ་དགའ།
མཚན་དགུང་དུས།
ཁ་ཆད་ཡོད།
ང་ཡང་དེ་ཡི་རང་བཞིན་ལ་སྨོན།
ང་གཉིས་དེ་འདྲ་ཡིན་ན་བསམ།
སྨིན་ལེགས་མ།
专辑信息
1.默-藏语版2(Cover 那英)