歌词
GARI
ཚིག ལྡོང་སྲས་ཨ་བྷེ། 东赛 阿贝
དབྱངས། གདུགས་དཀར་ཡག德格叶
音乐制作 Shinekhuu 兴华
录音 氇日传媒
后期制作 北京 九乐工作室
ལོ་ཟླ་བ་གཅིག་ཐོག་གཉིས་བཞག།
སེམས་བརྩེ་བ་གཅིག་ཤོར་གཉིས་ཤོར།།
དེ་གཞན་ལ་མ་ཤོར་ཁྱོད་ཤོར།
འགར་རྩེ་ཕྱོགས་ཀྱི་ཁྱོད་ཤོར།
ཁ་རོག་གེར་ཁ་པར་ལམ་ནས།།
མཚམས་ལན་རེར་འཕྲིན་རེ་བསྐུར་ན།།
ཁྱོས་ཐེངས་གཅིག་བལྟས་ན་ཨེ་ཆོག།
ཚིག་དེང་མའི་བཤད་འཕྲོ་དེ་ཡིན།།
ངས་བསྐལ་བ་སྟོང་ལ་བཙལ་བའི་སེམས་ཀྱི་ལྷ་མོ་ཁྱོད།།
ཁྲ་ཆུང་མིག་གིས་འཚོས་ཀྱང་ཕྱིར་མིག་སྐྱུར་ནས་བུད་སོང་།
ངས་སྐྱེས་བ་གཅིག་ལ་སྒོམ་པའི་སྙིང་གི་དྲན་པ་ཁྱོད།།
དུང་བ་སེམས་ཀྱིས་གཉོར་ཡང་དམ་བཅའ་གཡུགས་ནས་བུད་སོང་།
ཁྱོད་གཡང་ཁྱིམ་ཞིག་གི་བདག་མོ།།
ང་ཕ་ཁྱིམ་ཞིག་གི་བདག་པོ།།
ལུས་གཤིབ་ནས་འགྲོ་དབང་མེད་རུང་།།
སེམས་སེམས་ཀྱིས་གསོས་ན་ཆོག་ཀ།
GARI
ངས་བསྐལ་བ་སྟོང་ལ་བཙལ་བའི་སེམས་ཀྱི་ལྷ་མོ་ཁྱོད།།
ཁྲ་ཆུང་མིག་གིས་འཚོས་ཀྱང་ཕྱིར་མིག་སྐྱུར་ནས་བུད་སོང་།
ངས་སྐྱེས་བ་གཅིག་ལ་སྒོམ་པའི་སྙིང་གི་དྲན་པ་ཁྱོད།།
དུང་བ་སེམས་ཀྱིས་གཉོར་ཡང་དམ་བཅའ་གཡུགས་ནས་བུད་སོང་།།
ལས་ལམ་བུ་མཉམ་དུ་མེད་རུང་།།
ཁྱོད་འུ་གཉིས་རང་རང་ས་རུ།།
མིག་ཁྲ་ཆུང་བར་ནས་འཚོས་ཆོག།
སེམས་བསམ་པའི་ནང་ནས་བསྐྱང་ཆོག།
ཁྱོད་སྡུག་དུས་སེམས་གཏམ་ང་ཤོད།།
ང་སྐྱོ་དུས་དྲན་པ་ཁྱོད་གླེང་།།
སྡུག་མཆི་མའི་ཕྲེང་ཐག་བར་ནས།།
ཁྱོད་སྐྱིད་པའི་སྨོན་ལམ་ངས་འདེབས།།
专辑信息
1.GARI