ZERO-ཀླད་ཀོར། 零

歌词
༄༅།། ཀླད་ཀོར།
ཚིག་གདངས་ལེན་མཁན། པདྨ་བསྟན་འཛིན།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཊ་རྫིག་པོ། ག་རེ་ཡོད་ནའི།
སེམས་ནང་ལ་ཞེ་སྡང་ཡོད་ན། མི་དེ་ནི་ཀླད་ཀོར་རེད།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཊ་རྫིག་པོ། ག་རེ་ཡོད་ནའི།
སྐུ་གཟུགས་དེ་ན་ཚས་ཁེངས་ན། མི་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད། ཀླད་ཀོར་རེད། ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
ཀླད་ཀོར་རེད། སྟོང་པ་རེད། སྟོང་པ་རེད། ཀླད་ཀོར་རེད།
རྣམ་པ་ཡག་པོ།
གཟུགས་བྱད་ཡག་པོ། གསུང་སྐད་སྙན་པོ།ག་རེ་ཡོད་ནའི།
ཡ་རབས་སྤྱོད་བཟང་མེད་པ་ཡིན་ན།བུ་མོ་དེ་ནི་ཀླད་ཀོར་རེད།
ཕོ་གསར་རྫིག་པོ། ཤེས་བྱ་ཡག་པོ། འཇོན་ཐང་ཆེན་པོ།ག་རེ་ཡོད་ནའི།
ལས་དང་རྒྱུ་འབྲས་ལ་མ་བརྩིས་པ་ཡིན་ན།ཕོ་གསར་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད། ཀླད་ཀོར་རེད། ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
ཀླད་ཀོར་རེད། སྟོང་པ་རེད། སྟོང་པ་རེད། ཀླད་ཀོར་རེད།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཊ་རྫིག་པོ། ག་རེ་ཡོད་ནའི།
བཟའ་ཚང་གི་བརྩེ་དུང་མེད་ན་ཁྱིམ་ཚང་དེ་ཀླད་ཀོར་རེད།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཊ་རྫིག་པོ། ག་རེ་ཡོད་ནའི།
ཕ་མ་ཡི་བཀའ་དྲིན་མ་མཇལ་ན་བུ་ཕྲུག་དེ་ཀླད་ཀོར་རེད།
༣དབྱིན་ཇི་སྦྱངས་ནའི། ལྷོ་ཁུ་རི་ཡ་ལ་དགའ་ནའི། ཕྱི་རྒྱལ་ལུང་པ་ག་པར་ཕྱིན་ནའི།
རང་གི་རིག་གནས་རང་གིས་མ་ཤེས་ན། མི་དེ་ནི་ཀླད་ཀོར་རེད།
དར་བཟོ་བྱས་ནའི། ལད་ཟློས་བྱས་ནའི། འཛམ་གླིང་ས་ཕྱོགས་ག་པར་ཕྱིན་ནའི།
རང་གི་བསམ་བློ་རང་ལ་མེད་ན། མི་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད། ཀླད་ཀོར་རེད། ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
ཀླད་ཀོར་རེད། སྟོང་པ་རེད། སྟོང་པ་རེད། ཀླད་ཀོར་རེད།
ཀླད་ཀོར་ཀླད་ནག་རེད།
《零》歌词大意 /词曲唱:白玛旦增
再多的金钱,再好的房车,被嫉妒和攀比之心覆盖时那人等于零。
对物欲穷追,对贪念不舍,忽略身体健康时,那人等于零。
金玉其外,败絮其中,那姑娘等于零。
衣冠楚楚,良心缺失,那男人等于零。
物质丰腴,但夫妻离心,那家庭等于零。
生活如意,但父母孤单,那孩子等于零。
走遍世界,却无处寻根。那人等于零。
随波逐流,而没有自己的思考。那人等于零。
专辑信息
1.ZERO-ཀླད་ཀོར། 零