歌词
བཀྲ་ཤིས་གཡང་ཆགས།
ཚིག པ་སངས་ཚེ་རིང་།
དབྱངས། བསོད་ནམས་གྲགས་པ།
ལེན་མཁན། པདྨ་མཚོ།
རི་དེ་ཡག་ལེ་གཡང་གི་རི་རེད།
གཡང་གི་དུ་བསང་སྤྲིན་དང་འདྲེས་ཡོད།
ཆུ་དེ་ཡག་ལེ་མཚོ་མོ་རྒྱས་སོང་།
མཚོ་མོ་གཡུ་ཡི་མེ་ལོང་འཁྱིལ་སོང་།
སྤང་དེ་ཡག་ལེ་མེ་ཏོག་སྤང་རེད།
སྤང་གི་དྲི་ཞིམ་ཕྱོགས་ཀུན་ཁྱབ་ཡོད།
ཡུལ་དེ་ཡག་ལེ་གངས་ལྔོངས་ཕྱུག་མོ།
གངས་ལྗོངས་ཕྱུག་མོ་བཀྲ་ཤིས་གཡང་ཆགས།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
༜༜༜
བཅུད་དེ་ཡག་ལེ་འབྲུ་རིགས་སྣ་ལྔ།
འབྲུ་ཡི་བང་མཛོད་ཁྱིམ་ལ་བཀང་སོང་།
འཛོམས་པ་ཡག་ལེ་གངས་ལྗོངས་ཕྱུག་མོ།
གངས་ལྗོངས་ཕྱུག་མོ་ནོར་བཅུད་འཛོམས་སོང་།
ལས་འབྲས་བཟང་པོ་ལོངས་སྤྱོད་རྒྱས་སོང་།
ཁ་བཏགས་དཀར་པོ་ཁྱེད་ལ་འཐེན་ཡོད།
བཀྲ་ཤིས་རྟེན་འབྲེལ་སྨོན་ལམ་བཏབས་ཡོད།
གངས་ལྗོངས་ཕྱུག་མོ་བཀྲ་ཤིས་གཡང་ཆགས།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
བཀྲ་ཤིས་གཡང་ཆགས། བཀྲ་ཤིས་གཡང་ཆགས།
གཡང་ས་ཕྱུག་མོ་ང་ཚོའི་སྲུང་མ་ཡིན།
专辑信息
1.福瑞圆满