吉祥阿里 巴金旺甲

歌词
བཀྲ་ཤིས་པའི་མངའ་རིས། 
ཚིག  ཚེ་དཀར་བ་ཉི་མ་རྡོ་རྗེ།  དཔལ་ཆེན་དབང་རྒྱལ།
གདངས།  དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
ང་ཚོ་འཛམ་གླིང་ཡང་རྩེའི་ཡང་སྟེང་།
གནས་མཆོག་མངའ་རིས་བསྐོར་གསུམ་ལ་འགྲོ
ཡང་ཤིང་རྒྱ་ཆེའི་རི་ཀླུང་།  སྲོག་ཆགས་སྣ་ཚོགས་འཚོ་སའི་ས་ཆ་འགྲོ
ང་ཚོ་འཛམ་གླིང་ཡང་རྩེའི་ཡང་སྟེང་།  གནས་མཆོག་གངས་དཀར་ཏི་སེ་སྐོར་ལ་འགྲོ
རི་བོ་ཀུན་གྱི་རྒྱལ་བོ།  ཆུ་མོ་ཀུན་གྱི་འབྱུང་སའི་ས་ཆ་འགྲོ
ང་ཨ་ཇོ་འབྲས་དཀར་དཀར་པོ་ལ།  མ་སོང་ས་ཡང་གཅིག་ཀྱང་མེད།
མ་བསྡད་ས་ཡང་གཅིག་ཀྱང་མེད།
བྱ་རུ་ཅན་གྱི་རྒྱལ་པོ་བཞུགས་པའི་གནས།
གུ་གེ་རྒྱལ་རབས་གནའ་ཤུལ་མཛེས་ཉམས་ལྡན།
བོད་གྱི་རིག་གཞུང་ཐམས་ཅད་འབྱུང་སའི་གནས།
སྟོད་གྱི་མངའ་རིས་བསྐོར་གསུམ་ངོ་མཚར་ཆེ།
ཡ་ཡ་་་་  ང་ཨ་ཇོ་འབྲས་དཀར་དཀར་པོ་ལ།
བཤད་པ་ལེན་གསུམ་རྒྱོབས་ཤོག་ཟེར།   བསྟོད་པ་ལེན་གསུམ་རྒྱོབས་ཤོག་ཟེར།
ཁ་འབབ་ཆུ་བོ་རྣམ་གཞིའི་འགོ་ཁུངས་ལ་ནི་གངས་དཀར་ཏི་སེ་དཀར་ལ་གཟི་མདངས་ལྡན།
ད་ངོ་མཚར་ལོ་རྒྱུས་ལྡན་པའི་གནས་མཆོག་དེ་ནི་ཞང་ཞུང་བོན་གྱི་འབྱུང་གནས་མངའ་རིས་རེད།
མངའ་རིས་ཞང་ཞུང་ས་ཆ་ངོ་མཚར་ཆེ་ས་ལ།
བྲེ་སེར་འབྲོང་རྒོད་ར་རྩེད་ངོམ་ས་རེད།
ཞིང་ས་གཤིན་པོར་ལོ་ལེགས་འབྱུང་ས་དང་འབངས་མི་ཀུན་ལ་བདེ་སྐྱིད་ལྡན་བ་དང་།
བཀྲ་ཤིས་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས་སོ།
འོ་ལགས་སོ།  ད་མངའ་རིས་ཞང་ཞུང་གནའ་ཤུལ་ངོ་མཚར་ཆེ་ས་ལ།
ཞིང་ས་གཤིན་པོར་ལོ་ལེགས་འབྱུང་བ་དང་འབངས་མི་ཀུན་ལ་བདེ་སྐྱིད་
ལྡན་ཞིང་བཀྲ་ཤིས་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས་སོ།
吉祥的阿里(歌词大意)
世界屋脊的屋脊
圣地阿里三围
那广袤的土地
是动物们栖息的家园
世界屋脊的屋脊
冈底斯神山
那是千山之宗
那是万水之源
我行过太多的路
也看过太多的风景
贾茹饰帽王的居住地
古格王朝遗迹多壮观
那是藏文化的源头
上部阿里多神奇
让我赞美几许
让我哼唱几首
四河源之地冈底斯多雄伟
这个神奇的地方是象雄文化发祥地阿里
象雄文化宝地阿里啊
祈愿五谷丰登
人畜兴旺
吉祥又吉祥
专辑信息
1.吉祥阿里 巴金旺甲