歌词
ཕ་སྐད་བསྟོད་གླུ
ཚིག སངས་ནོར།
དབྱངས། སངས་ནོར།
གངས་ལྗོངས་ཁ་བའི་ཡུལ་ལ།
ཐོན་མི་སམ་བྷོ་ཊ་འཁྲུངས།
ཤེས་རིག་སྒྲོན་མེ་བསྣམས་ནས།
མུན་པའི་གླིང་ལས་ཐར་སོང་།
ཨ་ལ་ལ་ལ་ལ་ལ་ཨ་ལ་་་་་
མུན་པའི་གླིང་ལས་ཐར་སོང་།
བོད་འབངས་ཡོན་ཏན་སྦྱང་ནས།
རིག་གནས་སྐར་རྩིས་དར་སོང་།
ངོ་མཚར་སྟོང་གི་ལོ་རྒྱུས།
ཉི་ཟླ་བཞིན་དུ་གསལ་ཡོང་།
ཨ་ལ་ལ་ལ་ལ་ལ་ཨ་ལ་་་་
ཉི་ཟླ་བཞིན་དུ་གསལ་ཡོང་།
མི་རིགས་མི་རིགས་ཞེས་པ།
སྐད་དང་ཡི་གེར་ཐུག་ཡོད།
བོད་ཀྱི་སྐད་དང་ཡི་གེ
དགོས་འདོད་དཔག་བསམ་འཁྲི་ཤིང་།
ཨ་ལ་ལ་ལ་ལ་ལ་ཨ་ལ་་་་་
དགོས་འདོད་དཔག་བསམ་འཁྲི་ཤིང་།
ཕ་བཟང་དམ་པའི་བུ་ཆུང་།
ཕ་སྐད་བཤད་རོགས་གནོང་དང་།
མ་བཟང་སྐྱེས་པའི་བུ་མོ།
མ་ཡིག་སྦྱོང་རོགས་གནོང་དང་།
ཨ་ལ་ལ་ལ་ལ་ལ་ཨ་ལ་་་་་
མ་ཡིག་སྦྱོང་རོགས་གནོང་དང་།
ཨ་ལ་ལ་ལ་ལ་ལ་ཨ་ལ་་་་་
མ་ཡིག་སྦྱོང་རོགས་གནོང་དང་།
专辑信息