歌词
གྱང་གླུ
ཚིག་དང་དབྱངས་་་དམངས་ཁྲོད།
ལིན་མཁན་གོང་པ་བདེ་ལེགས་ནོར་བུ།
࿄࿄࿄
སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས་།
ལྷ་ཆེན་ཚང་པ་གྱང་ལ་ཕེབས་།གྱང་ལ་ཕེབས་ཞིང་གྱང་གླུ་བླངས།
འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས།ཀླུ་རྒྱལ་བརྩུག་ན་གྱང་ལ་ཕེབས།
གྱང་ལ་ཕེབས་ཞིང་གྱང་གླུ་བླངས་།
ཆོལ་ཁ་གསུམ་གི་ས་ཆ་ནས་།རྨ་རྒྱལ་སྤོང་ར་གྱང་ལ་ཕེབས།
གྱང་ལ་ཕེབས་ཞིང་གྱང་གླུ་བླངས།
གྱང་དང་པོ་བརྡུང་ས་ཤར་ནས་བརྡུང་།
ཤར་རྡོ་རྗེ་སེམས་པ་མདུན་ནས་བརྡུང་།
གྱང་གཉིས་པ་བརྡུང་ས་ལྷོ་ནས་བརྡུང་།
ལྷོ་གཡུ་འབྲུག་སྔོན་མོའི་མདུན་ནས་བརྡུང་།
གྱང་གསུམ་པ་བརྔུང་ས་ནུབ་ནས་བརྡུང་།
ནུབ་སྣང་བ་མཐའ་ཡས་མདུན་ནས་བརྡུང་།
གྱང་བཞི་བ་བརྡུང་ས་བྱང་ནས་བརྡུང་།
བྱང་རུས་སྦར་རྒྱལ་པོི་མདུན་ནས་བརྡུང་།
གྱང་གླུ་ལེན་ཞིང་ལེན་ཤོག། ལན་པོ་རྒྱབ་ཞིང་རྒྱབ་ཞིང་ཤོག།
࿄࿄࿄
དང་པོ་གྱང་པ་སྐད་གསུང་མཐོ་བ་ལ་།
ལྷོ་གཡུ་འབྲུག་སྔོན་མོའི་སྐད་དང་འདྲ།
གྱང་བ་གསུང་སྐད་སྙན་མོ་མ།ལྷ་བྱ་ཁུ་བྱུག་སྐད་དང་འདྲ།
གྱང་ཕྱི་ནས་བསྟས་ན་གསེར་གཞུང་འདྲ།
གྱང་ནང་ནས་བསྟས་ན་དངུལ་ལ་འདྲ།
གྱང་ཕྱི་ནང་བར་གསུམ་གཞར་ཡས་ཁང་།
རྡོ་པདྨ་ར་དཀར་གདན་ཞིག་སྟིང་།
ས་སུ་མདུ་ར་ཡི་གྱང་ཞིས་བརྡུང་།
གྱང་ད་ནང་བརྡུང་ས་དོང་མོ་ས།
གྱང་དོ་དགུང་འགྱོག་ས་ཨ་སྔོན་རྣམས།
དགུང་ཉི་ཟླ་ངེད་གཉེས་མཉམ་བཞག་ཡིན།
གྱང་པ་ཨ་ཕོ་སྟག་དང་འདྲ།
ས་ཁུལ་བོ་མོ་གཟིག་དང་འདྲ།
གྱང་རྟུས་ཨ་མགལ་སྒྲུབ་ཤིང་ལ།
བརྡུང་བའི་སྒྲ་སྐད་ཤེར་རུ་རུ།
གྱངགཞུང་གསེར་གཞུང་ཁྲ་མོ་ལ།
རྟག་མགོ་གྲུ་བཞི་འཁྲིག་སེ་འཁྲིག།
RengTsing文化传媒
专辑信息