歌词
ཨ་ཁུ་པདྨ་
གཞས་མ. བདེ་ཆེན་དབང་མོ་
ཨ་ཁུ་པདྨ་ཡེ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།།
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད།།
ཨ་ཁུ་པདྨ་ཡེ།
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།།
ཨ་ཁུ་པདྨ་ཡེ།
ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།།
ཨ་ཁུ་པདྨ་ཡེ་
བྱ་ངང་བ་གསེར་གྱི་ཕྲེང་བ་ཅན།
ཡར་འཕུར་ན་སྤང་གི་རྒྱན་ཞིག་རེད།།
ཨ་ཁུ་པདྨ་ཡེ།
ཚུར་འཕུར་ན་མཚོ་མོའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།།
ཨ་ཁུ་པདྨ་ཡེ།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།།
ཨ་ཁུ་པདྨ་ཡེ།
སྟག་ཤར་བ་དུང་གི་སོ་སྒོ་ཅན།།
ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད་
ཨ་ཁུ་པདྨ་ཡེ།
ཚུར་ཡོང་ན་ན་ཟླའི་རྒྱན་ཞིག་རེད་
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད་
ཨ་ཁུ་པདྨ་ཡེ་
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད་
ཨ་ཁུ་པདྨ་ཡེ་
ཁྱེད་མེད་ན་ཡིད་སེམས་སྟོང་བ་རེད་
སྟོང་བ་རེད་
སྟོང་བ་རེད་
སྟོང་བ་རེད་
专辑信息