歌词
prod by +Homage
mix by 拾荒
ང་ཆུང་རྩམ་པ་ལྡག་ནས་ཚར་ལོང་བྱུང་
ང་དཀར་འོ་མ་མཐུང་ནས་ཚར་ལོང་བྱུང་
ང་དམར་ཤ་ཚལ་ཟོས་ནས་ཚར་ལོང་བྱུང་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་བོད་གོས་གོས་ཆེན་ཁྲ་ཁྲ་ལུས་ལ་གོན་
ང་བོད་ལྷམ་འགྱུར་རྟ་རྒྱན་གཡོག་རྐང་ལ་རྒྱན་
ང་ཕ་སྐད་དག་མ་མི་རྗེད་ཡིད་ལ་འཇོག་
ང་ཕ་ཡིག་རྒྱང་ལ་མི་སྐུར་བློ་ལ་ངེས་
ང་ཕོ་གཏོག་དུས་ཟ་རྒྱུ་དཀར་སུམ་དམར་སུམ་ཡིན་
ང་ཁ་སྐོམ་དུས་མཐུང་རྒྱུ་གཏེར་ཆུ་དང་མ་ཡིན་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་དཀའ་སྡུག་འཛེམས་ནས་ཕ་ཡུལ་བྲལ་ནས་ལོ་མང་སོང་
ང་ཁ་ཕོར་ཁེ་རེ་ཆེད་དུ་མིན་གོ་ཕུགས་བསམ་ཆེན་པོ་ཡོད་
ང་ག་སྒར་ཉུག་པའི་བྱིས་དུས་ཡོལ་ནས་ལོ་མང་སོང་
ང་ང་རང་གི་བདེ་སྐྱིད་འཚོ་བའི་ཁ་ཕྱོཌ་གང་ཡོད་ཤེས་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་ཅ་རིང་ཅ་མདའ་མེད་དུས་སྔ་ལང་རི་ལ་སོང་ནས་བློ་འཛིན་བྱེད་
ང་ཆ་ལ་ཁ་མཐུན་རོག་པ་མང་བའི་ཆུ་ངོག་དཔའ་ཐོལ་འདྲ
ང་ཇ་ཞིམ་པོ་བོད་ཇ་སྲུས་མ་དུས་སུམ་གྲངས་མེད་མཐུང་
ང་ཉ་མི་ཟ་དགེ་བའི་རྩ་བ་སྲུངདུས་རྒྱུན་དུ་མ་ཊི་མ་ཎི་འདོན་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་རྟ་ཕོ་གཅང་རྒོད་ཁྱེར་ནད་ལ་ལུང་པ་གྲངས་མེད་རྒལ་མྱོང་
ང་ཐ་མ་མི་འཐེན་ཨ་རག་མི་འཐུང་གནའ་ཤག་དམ་གཅའ་བྱེད་མ་མྱོང་
ང་ད་ཡང་དགའ་ཡང་མི་གསོད་རྟ་རྗེན་བྱས་ནས་འཕྲོག་གཅོམ་བྱེད་མ་མྱོང་
ང་ན་ཚ་སྐྲག་གནང་བྱས་ནས་རྒྱབ་ལ་གབ་ནས་ཕྱེར་འཐེན་བྱེད་མ་མྱོང་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་དཔའ་བོ་དོད་མེད་མིན་ལ་དཔའ་མེད་ཁོག་གཏོང་མིན་
ང་ཕ་མའི་གཅེས་ཕྲུག་ཡིན་ལ་ནང་མའི་རེ་བ་ཡིན་
ང་བ་ཕྱུག་གླེན་སྐུག་མིན་ལ་གྲུང་པོའི་ཁྲ་མགོ་མིན་
ང་མ་སེམས་བུ་རྒོད་ཡིན་ལ་ཕ་སེམས་སྤོབས་པ་ཡིན་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་རྩ་ཐང་རྒྱ་ཆེན་མཐའ་ཡས་གཏེང་ལ་དབྱར་རྩེད་རྩེ་བ་དགའ་
ང་ཚ་མེད་ཆུ་ཅང་མི་མཐུང་འོ་ཇ་ཞིམ་མོ་དགའ་
ང་རྫ་རི་སྤང་རེ་ནཌ་རེའི་རྩེ་མོ་ལ་གླུ་ལེན་པ་དགའ་
ང་ཝ་ཁྲ་ལོ་འདྲ་བ་གནང་བ་གང་སྐྱིད་འགྲོ་བ་དགའ་
ང་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་ཞ་མོ་ཚེ་རིང་སྤྱི་འགེབ་མགོ་ལ་གྱོན
ང་ཟ་མ་བཅུད་ལྡན་བོད་ཟས་ཁ་ལ་ཟོས་
ང་འ་ལྷ་ཆེན་ནང་བཞིན་བདེ་སྐྱིད་འཚོ་བ་རོལ་
ང་ཡ་ང་བའི་གཞན་ལ་ལེཌ་སྐྱེས་གངཐོབ་འབུལ
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་རྭ་མེད་ཁལ་རྒོད་གཞོན་ནས་སྤང་གཏེང་ཕོ་རྩལ་གཏོང་
ང་ལྭབ་ལུས་ལ་མི་གོན་མགོ་ལུས་པག་མ་རུ་དྲུག་རས་ཀྱི་རྒྱན་
ང་ཤ་ཟན་རེད་གདའ་མ་བསམ་དགེ་སྡིག་དབྱེ་བ་ཁྱོད་ལས་གསལ་ལེ་ཤེས་
ང་ས་གཏིང་འཛམ་བུ་གླིང་ལ་ཞི་བདེ་འཆམ་མཐུན་ཡོང་བའི་སྨོན་ལམ་འདེབས་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
ང་ཧ་ཧ་དགད་མོ་དགོད་བཞིན་འཚོ་བརོལ་
ང་ཧ་ཧ་དགད་མོ་དགོད་བཞིན་མདུན་ལ་སྐྱོད་
ང་ཨ་རེཌ་སྤུན་ཟླ་ཡོངས་ལ་ཡིད་ཆེས་ཡོད་
ང་ཨ་རོཌ་སྤུན་ཟླ་ཡོངས་ལ་རྩི་བཀུར་ཡོད་
ང་ཕ་ཡུལ་གདོང་དམར་བོད་ཀྱི་བུ་ཕྲུག་ཡིན་
专辑信息
1.who am I