青年梦想

歌词
གཞོན་ནུའི་རེ་བ།
青年梦想
ཚིག    རྡོ་བསྟན་པ་དར་རྒྱས།
ལོ་ཆུང་།  ལོ་ཆུང་ཟེར་ནས། ཆུ་ཚོད་སྟོང་ཟད་མ་གཏོང་།
སང་ཉིན། སང་ཞིན་ཟེར་ནས། དེ་རིང་འཕྲོག་བརླག་མ་གཏོང་།
མི་ཚེའི་མདུན་ལམ་ཟེར་བ། རང་གི་ལག་ཏུ་བཟུང་ཡོད།
རིག་གནས་སྤྱོང་པ་མེད་ན། མི་ཡིས་མཐོང་བྱས་འགྲོ།
ཨ་ཕ་བཟང་པོའི་བཀའ་གསུངས། ནམ་ཡང་སེམས་ནས་མ་དོར།
ཨ་མ་བཟང་པོའི་སྤྱོད་པ། ནམ་ཡང་ལུས་ནས་མ་དོར།
ལས་དབང་། ལས་དབང་ཟེར་ནས། མདུན་ལམ་རྨོངས་ལ་མ་སྐུར།
དེང་རབས། དེང་རབས་ཟེར་ནས། འགྲོ་ལུགས་འདྲེ་རུ་མ་སྒྱུར།
མ་འོང་མདུན་ལམ་ཟེར་བ། རང་གི་འབད་བརྩོན་ཡོད་ན།
ཕ་མའི་རེ་བ་དེ་ཡིན། མི་རིགས་གཟི་བརྗེད་དེ་ཡིན།
གཞན་ལ་ཕྲག་དོག་བྱས་ན། རང་གཞན་གཉིས་ལ་མི་ཕན།
རང་བཞིན་རང་གིས་སྐྱོང་བ། དོན་གྱི་ནང་གི་འབྲས་བུ།
ཕ་བཟང་། མ་བཟང་ཟེར་ནས། ཨ་ཁུ་ཨ་མྱེ་མ་བཤད།
དེ་རིང་། དེ་རིང་མཁོ་བ། བརྩོན་པའི་སྙིང་སྟོབས་ཡིན་སོང་།
专辑信息
1.青年梦想
2.梦回拉萨
3.一起走
4.雪域白灵
5.吐蕃女孩
6.一家人