歌词
མེས་པོ
རལ་བའི་སྣེ་མོ་རླུང་གིས་སྒུལ་ཡང
དཔུང་བ་རྗེན་པ་ཉི་མས་འཚིག་༼ཚིག༽རུང
ཉི་ཟླའི་གཟེགས་མ་སྒུམ་པའི་མི་ཕོ
གངས་ཀྱི་ཞུན་མ་འཐུང་བའི་མི་རིགས
བུ་ཞིག་སྐྱེས་ན་ལྷ་བསང་གཏོང་ས
བུ་ཡི་རླུང་རྟ་དགྲ་ལྷར་བཅོལ་ས
དུང་སང་སང་རི་ནས་བོས་ནོ
ཁྱོད་བུ་ཞིག་གི་སྐྱེས་པའི་རྟགས་རེད
ཕ་ཡུལ་གྱི་གངས་རིའི་རྩེ་དགུའི
དབུ་རྨོག་གནམ་ལ་རེག་ཀྱང
ཨམ་བཙུགས་ཡང་ཡང་བརྡམས་ནས
འབྲོང་གི་ཟེ་བ་རུ་བསྙེགས་དུས
ང་ཡི་མེས་པོ མེས་པོའི་བློ་ཁོགས
རྟ་གཤོག་ཐོགས་་ཤིག་གི་ཚེ་ལམ་རེད །
བགྲུད་བཞུད་རྩུབ་པོའི་ཀྱག་ཀྱོག་གི་ལམ་ནས
དབུ་ཡི་ཞྭ་མོ་རླུང་གིས་འཁྱེར་ཡང
རྐང་ཆུང་གཉོམ་པོའི་རྗེས་རྟིང་མ་ནོར
སྤྱན་ཟུང་ལམ་ལ་འཇིག་རྟེན་ཆུད་ཡོད
མུན་ནག་ལ་སྒྲོན་མེ་བཏགས་ཤིང་།
གཞུང་ཆེན་པོའི་གླེགས་བམ་བརྩིགས།
ང་ཚོར་ཚེ་སྲོག་གནང་ཞིང་།ཚེ་སྲོག་གངས་ལ་གཏད།
བོད་མིའི་གདངས་ལ་འཁྱིལ།
གསལ་བྱེད་སུམ་ཅུའི་འོད་སྣང་འདི།
དུས་མཐའི་སྨག་རིམ་འཇོམས་བྱེད་རེད།
བུ་ལ་སྤོབས་པ་བསྩོལ་བྱེད་རེད།
མེས་པོ་དམ་པའི་འཕྱང་འཕྲུལ་རེད།
རྒྱུད་འཛིན་གངས་ཕྲུག་ང་ཚོའི་དབུ་ཡི་བྲོག་ཞུ་ཡིན།
མེས་པོའི་སྤྱན་རྒྱ།མཐའ་བཞིར་བསྲིངས་པའི་ཞི་བདེ་རྒྱ་མཚོ་ཡིན།
གནའ་མི་བོད་ཀྱི་བཤད་སྲོལ་ལ།སྲིད་པ་རྒན་པོའི་ཁ་དཔེ་ལ།
ཕ་དམ་པའི་རུས་རྐང་གསེར་གྱིས་བརྒྱན་མི་ཐུབ་རུང་།
སྐྲ་དཀར་པོ་སྐྱི་སེར་རླུང་ལ་མི་བསྐུར་ཟེར།
专辑信息
1.祖先