歌词
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།
༼བདེ་སྐྱིད་ཚེི་རིང་།༽
སྐར་མ་སྨིན་དྲུག་མགོ་ནས་ཡལ་སོང་།
སྐྱེ་འཆིའི་ལུང་བསྟན་རླུང་གིས་སྤུར་སོང་།
རྨི་ལམ་སྣ་ཚོགས་དུས་ཀྱིས་ཟད་སོང་།
ཨོ། ཞེད་སྣང་ལ། ཞེད་སྣང་ལ།
གསང་བའི་དགུ་ཚིགས་མེ་ལྕེས་ལྡེག་སོང་།
མཚོ་རྫིང་སྟོང་པ་ནམ་མཁར་གཏད་སོང་།
རྔུལ་གྱི་མཚོན་ཆ་རྟོག་བཟོས་བཞེངས་སོང་།
རྡོག་ཁྲེས་ཙག་ཙིག་རྟ་ཕོས་འཁྱེར་སོང་།
སྤྲིན་ནག་འཁྲིག གློག་ཞགས་འཁྱུག
ཆར་པ་ཟམ་ཟིམ་མཚམས་མེད་བབས།
སྤྲིན་ནག་འཁྲིག གློག་ཞགས་འཁྱུག
ཆར་པ་ཟམ་ཟིམ་མཚམས་མེད་བབས།
ཁྲ་ཆིལ་དགུ་ཆིལ་ལམ་གྱི་གྲང་ཁྱེར་རེད།
མེ་ལྕེ་སྔོན་མོ་ལས་ཀྱི་བརྩར་གཞས་རེད།
རུས་པ་མཁྲེགས་པོ་རུས་ཀྱི་འཇོན་ཐང་རེད།
གྲི་མདུང་མདའ་མོ་སྐྱོ་བའི་མགུར་མ་རེད།
མིག་ཆུ་རྡོག་པ་སྣང་བའི་རྩེད་མོ་རེད།
སྡེབས་ཀྱི་རི་མོ་ལུང་གི་རྩེད་འཇོ་རེད།
མཆོད་རྐོང་འཁྱག་པ་བརྩེ་བའི་ཕུགས་མདུན་རེད།
སྣ་གླུ་ཐན་ཐུན་དོན་གྱི་སྙིང་པོ་རེད།
༼མཉམ་དུ།༽
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།
༼ཨོ་ཚེ།༽
སྣ་གླུ་ཐན་ཐུན་དོན་གྱི་སྙིང་པོ་རེད།
མཐོང་སོང་ངམ།
ལག་པས་ནམ་མཁའ་སྟོང་པར་སྦར་བགྲད་བྱས།
ཅི་ཡང་རེག་མ་བྱུང་།
འབྱུང་ལྔས་བདག་གིར་བཟུང་བའི་རང་དབང་བསམ་བློ་བཅོས་ཐབས་མེད།
གཉིད་མ་སད་ཀྱི་ཞོགས་ཀའི་ཉི་མ་ནམ་ནཁའ་ནས་ས་ལ་དྲུད།
འཚོ་བའི་གཅོང་རོང་བརྒལ་ལ་ཉེ་དུས།
དབྱིབས་དང་ཁ་དོག འཇམ་རྩུབ་ཅི་ཡང་མེད་པའི་འཕྲུལ་སྣང་གི་གློག་འོད་ལྟ་བུ་དེས།
སྟོང་བའི་དབྱིངས་ཀྱི་ལྷབ་ལྷབ་འདར་བའི་མཆུ་སྒྲོས་ལ་ཅེར་དུས་ནས།
ཁྱེད་རང་གཉིད་དུ་ཡུར་རྗེས་ང་རང་སླེབ་འོང་ཟེར།
རླུང་གི་ལག་པས་ཁྱེད་རང་འཆི་བའི་རྒྱ་མའི་སྟེང་དུ་བཞག་པ་ཙམ་གྱིས།
དགོད་སླ་ངུ་སྐྱེན་ཁྱེད་ཀྱི་འཚོ་བའི་གྲིབ་མར་གྱུར།
ཡིན་ཡང་རྣམ་ཤེས་གཅེར་བུ་དག་ཞག་སྡོད་བྱ་སའི་སྦྲ་རལ་དེ་མིན་འདུག
རྟ་ཕོ་གོམ་ལག་བདེ་བ་དག་ལ་ལྕགས་ཀྱི་སྲབ་སྐྱོགས་སྐོན་ནས་འདུག
མེ་ཏོག་སྙིང་ལ་རྗེ་བོ་དག་ལ་རྔུལ་གྱི་དར་ཟབ་གྱོན་ནས་འདུག
ཤེལ་གྱི་གངས་རི་དཀར་པོ་དེའང་སྒྲོན་མེ་མེད་ཚེ་མཐོང་མི་ཐུབ།
སྤྲིན་ནག་འཁྲིག གློག་ཞགས་འཁྱུག
ཆར་པ་ཟམ་ཟིམ་མཚམས་མེད་བབས།
ཁྲ་ཆིལ་དགུ་ཆིལ་ལམ་གྱི་གྲང་ཁྱེར་ཡིན་པ་ཤེས།།
མེ་ལྕེ་སྔོན་མོ་ལས་ཀྱི་བརྩེ་གཞས་ཡིན་པ་ཤེས།
རུས་པ་མཁྲེགས་པོ་རུས་ཀྱི་འཇོན་ཐང་ཡིན་པ་ཤེས།
གྲི་མདུང་མདའ་མོ་སྐྱོ་བའི་མགུར་མ་ཡིན་པ་ཤེས།
༼མཉམ་དུ།༽
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།
༼བདེ་སྐྱིད་ཚེི་རིང་།༽
རལ་གྲི་ཡིས་བཤགས་པའི།
མེ་མདའ་ཡིས་བསད་པའི།
སེམས་ཀྱི་ཕོ་ཉ།
སེམས་ཀྱི་ཕོ་ཉ།
ལས་ཀྱི་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་རེད།
མྱུར་མགྱོགས་རླུང་ལས་གྲུབ་པའི།
རལ་གྲི་ཡིས་བཤགས་པའི།
མེ་མདའ་ཡིས་བསད་པའི།
སེམས་ཀྱི་ཕོ་ཉ།
སེམས་ཀྱི་ཕོ་ཉ།
ལས་ཀྱི་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་རེད།
༼བདེ་ལེགས་ནོར་བུ།༽
མགོ་ཐོག་གི་སྤྲིན་ནག་གཡོ་ཞིང་འཁྲིགས་པའི་ཉིན་མཚན་དེ།
འདབ་ཆགས་ཚོགས་བདེ་ལྕག་འཁྱུག་པོར་འཕྲོ་རིམ་འཕྲོ་ལ་འཕུར།
གཤོག་པ་ནག་པོ།
འཆི་ཁར་བློ་ལ་ངེས་དགོས་པའི་གཤོག་པ་ནག་པོ།
ཁྱེད་ལ་འཛུམ་འཛུམ་ང་ལ་འཛུམ་འཛུམ་གྱི་ཤ་སྐྱིའི་སྡུག་བསྔལ་ལ་བསྐྱུར་ཞོག
ང་ཚོར་གླུ་ཡི་འགྱུར་ཁུགས་ཡོད།
འདོད་པའི་སྒྲ་དབྱངས་རྡུལ་གྱི་ཡོ་ལང་ཁྲོད་ནས་འཁྱུག
སྤྲིན་ནག་འཁྲིག གློག་ཞགས་འཁྱུག
ཆར་པ་ཟམ་ཟིམ་མཚམས་མེད་བབས་ཀྱང་།
ང་ཚོར་ཤུགས་ཀྱིས་བརྐྱངས་པའ་སྐར་ཚོམ་གྱི་ཨུ་ཚུགས་ཡོད།
ཁྲག་གི་མེ་ཏོག་འབལ་མཁན་གྱི་གཤེད་མ་ཡོད།
རྩྭ་ཐང་ནས་མཁར་གྲོང་དུ་སྤོར་མཁན་གྱིན་པའི་ནང་མི་གཉོམ་པོ་ཡོད།
ཚ་གྲང་བསྲེས་མ་ལས་གྲུབ་པའ་ཨུཏྤལ་གྱི་གསང་བ་ཡོད།
ཚེས་རིས་འོག་ནས་མེས་པོའི་ཁེར་རྐྱང་གི་གླིང་བུ་དེའི་སྒྲ་དབྱངས་ཐོས་བྱུང་།
རི་མོ་འདི་དག་ནམ་ཡང་དྲན་པའི་ཁྲོད་ན་ཡོད།
འཇིག་རྟེན་བྱེ་མ་བཞིན་ཟགས་ནས་མེད་པར་གྱུར་སོང་།
མིག་ཆུ་ཁྲོམ་ཁྲོམ་གྱི་བརྩེ་བ་སྙིང་རྗེ་ཨང་།
གཏམ་རྒྱུད་གང་རུང་གི་གོ་དོན་བརྗིད་པོ་དེར་བསམ་བློ་ཐོངས་དང་།
མེ་ཏོག་དེ་མཛེས་པའི་རྐྱེན་གྱིས་བཞད་ངེས་ཡིན།
ཉི་འོད་དེ་གསལ་བའི་རྐྱེན་གྱིས་འཆར་ངེས་ཡིན།
༼མཉམ་དུ།༽
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའ་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་བུ།
专辑信息
1.黑翅膀