歌词
ME
Hook
མདང་དགོང་མཚན་མོའི་རྨི་ལམ།
ནམ་མཁའི་ཐོག་གི་སྐར་མ།
ང་ཡི་མི་ཚེ་འདི་ནི་རྨི་ལམ་ནང་གི་སྤྲིན་དཀར།
Verse
ལམ་ཐོག་སླེབས་ནས་ལོ་གཅིག་ལྷག་ཙམ་གཅིག
ལོ་བཅོ་བརྒྱད་གོང་གི་ཕུགས་བསམ་དེ་མཐོང་མཁན་འདྲ་གཅིག
ཐོབ་ཀྱག་ཉིན་མ་གཅིག་ང་སྐྱག་པ་ཡིན་པ་ཧ་གོ་ནས་ང་དམག་སའི་ཐོག་སླེབས་པའི་མཚོན་ཆ་མེད་པའི་དམག་མི་གཅིག
གཟུགས་པོའི་ཐོག་ཆ་ཚང་ཁྲག་དང་རྨ།
སེམས་ཁྲལ་སླངས་ས་ཕ་དང་མ།
ཕུགས་བསམ་བློས་གཏོང་བྱས་པའི་ལོ་བརྒྱད་ཀྱི་ནང་ལ་བརྗེད་ཐབས་མེད་པའི་སྔོན་མའི་ང་།
ཕན་ཐོགས་མེད་པའི་བྱིས་ཕྲུག
སེམས་ཁྲལ་སློང་མཁན་གྱི་སྐྱག་ཕྲུག
དགོངས་པ་མ་འཚོམས་ཨ་ཕ་ཨ་མ།
ད་བར་སེམས་ཁྲལ་རྐྱང་རྐྱང་།
ད་རུང་ངའི་ཆེད་དུ་ཁོ་ཚོའི་དམའ་འབེབས་རྐྱང་རྐྱང་།
གལ་སྲིད་དེ་ཚང་མ་ཕུགས་བསམ་ཆེད་ཡིན་ཟེར་ན་ཁྱེད་གཉིས་ཀྱིས་ང་ལ་ཡིད་ཆེས་ཡོད་རྐྱང།
ལོ་དེ་གས་ནང་ལ་ང་ལ་མ་ཉེས་ཁག་གཡོགས།
ཁོས་བརྒྱབ་པའི་བསམ་བློ་འདི་འདྲ་ཀྱོག་ཀྱོག
ཁྱི་ཁ་དམར་གྱི་འཕྱ་ལད་ཀྱིས་ང་ལ་ནུས་ཤུགས་དག་དག
ཇུས་གཏོགས་མེད་ང་བཞོན་ས་hip-hopགི་སྦག་སྦག
ངའི་ཁྲག་ནང་ཚང་མ་ལམ་འདིའི་ཐོག་གི་འདམ་བག
Hook
མདང་དགོང་མཚན་མོའི་རྨི་ལམ།
ནམ་མཁའི་ཐོག་གི་སྐར་མ།
ང་ཡི་མི་ཚེ་འདི་ནི་རྨི་ལམ་ནང་གི་སྤྲིན་དཀར།
ནམ་ཕྱེད་ཐོག་སེམས་པ་སྐྱོ་མཚན་མོ་གནམ་གྱི་མིག་ཆུ།
མུན་ནག་གི་ལམ་འདིའི་ཐོག་ཏུ་ང་རང་གཅིག་པུར་གནས།
ཕུགས་བསམ།
ཕུགས་བསམ།
Verse
གླུ་འདི་འབྲི་དུས་བསམ་བློ་བཏང་དུས་མཚན་གུང་ཆུ་ཚོད་བཞི་བ།
གཡས་་བཞག་པའི་གྲང་མོ་ཆགས་པའི་ཁ་ཉིན་གྱི་སྟབས་བདེའི་ཐུག་པ།
ད་བར་བློས་གཏོང་བྱས་པ་ཚང་མ་དྲན་དུས་སྐྱོ་ས་དེ་ངའི་སེམས་པ།
ཡང་བསྐྱར་འདིར་དགོངས་པ་མ་འཚོམས་ངས་ཕོག་ཐུག་བཏང་བའི་མི་ཚང་མ།
ཟླ་བ་གཅིག་ལ་ཁྲི་བཅུ་གྲངས་གཏོར་མཁན་གྱི་སྐྱག་ཕྲུག་གཅིག
སྒོར་མོ་བཅུ་ཡིས་ཉིན་མ་བདུན་འཁྱོལ་མཁན་གྱི་ཕྲུག་གུ་གཅིག
ཞགས་མདང་མཚན་མོ་གཉིད་མ་ཤོར།
གནམ་ཐོག་བལྟ་དུས་ང་རང་མི་གཅིག་ཚུར་དགའ་བོ་བྱེད་མཁན་གྱི་བུ་མོ་སྙིང་ལ་འཁོར།
སྙིང་ཁར་གྲི་གཅིག
སྐད་ཆ་དེ་བས་བཤད་མེད་སྡུག་སྐད་བརྒྱབ་མེད།
ང་རང་གི་ནོར་འཁྲུལ་དེ་ལ་ང་རང་གིས་ངོས་འཛིན་བྱེད།
མིའི་མི་ཚེ་གློག་བརྙན་ནང་བཞིན་ངས་ཛ་ར་མ་ར་ཚང་མ་བྱེད་མྱོང་།
ངས་རང་ཤི་བརྒྱབ་པའི་བསམ་བློ་འཁོར་མྱོང་།
ཐབས་སྐྱོ་ལོས་གཅིག་ལ་སྨན་ཁང་ནང་ལ་ཐེངས་མ་གསུམ་ཤི་གྲབས་བྱེད་མྱོང་།
ངའི་སྡུག་རུས་དེ་ང་རང་གིས་འཇིགས་མྱོང་།
ཡིན་ནའི། འགྱོད་པ་མེད་དེ་ཚང་མ་Hip-hopཀྱི་འཚོ་བའི་ཆེད་དུ།
དེ་ཚང་མ་I remember
ཆུང་དུས་བསྡུར་ཡག་དེ་ཕན་ཚུན་གྱི་ཕ་མ།
ཡ་ད་བསྡུར་ཡག་དེ་ཕན་ཚུན་གྱི་ལས་ཀ མནའ་མ། མག་པ།
འོ་ད་རེ་བ་མེད། འཚོ་བ་ཨི་འདྲ།
Hook
མདང་དགོང་མཚན་མོའི་རྨི་ལམ།
ནམ་མཁའི་ཐོག་གི་སྐར་མ།
ང་ཡི་མི་ཚེ་འདི་ནི་རྨི་ལམ་ནང་གི་སྤྲིན་དཀར།
ནམ་ཕྱེད་ཐོག་སེམས་པ་སྐྱོ།
མཚན་མོ་གནམ་གྱི་མིག་ཆུ།
མུན་ནག་གི་ལམ་འདིའི་ཐོག་ཏུ་ང་རང་གཅིག་པུར་གནས།
ཕུགས་བསམ།
ཕུགས་བསམ།
Verse
ཨ་འོ་ད་ཆ་གཟུགས་གུའི་ཐོག་རྒྱུ་མེད་དབང་མེད་འགྱོད་པ་མེད།
ཟུར་གྱི་་་་་་་་་་་་་་་་་་་་་་བ་པོ།
ངོ་ཤེས་ནས་ད་བར་ལོ་གཅིག་ལྷག་རིང་སོང་།
མཉམ་དུ་རུ་ཚོགས་གཅིག་མིང་སྲུང་སྐྱོབས་ལྷ།
དངོས་གནས་་་་་་་ནང་བཞིན་རྒྱ་ལམ་འདི་ཐོག་གི་བྱེད་པ་པོ།
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དད་པ་པོ།
བྱས་ཙང་།
ཚེ་འདི་ལ་ཕུགས་བསམ་འདི་འགྲུབ་མ་ཐུབ་ན།
མུ་མཐུད་ཡིན་ད་ཚེི་ཕྱི་མ།
Hook
མདང་དགོང་མཚན་མོའི་རྨི་ལམ།
ནམ་མཁའི་ཐོག་གི་སྐར་མ།
ང་ཡི་མི་ཚེ་འདི་ནི་རྨི་ལམ་ནང་གི་སྤྲིན་དཀར།
ནམ་ཕྱེད་ཐོག་སེམས་པ་སྐྱོ་སོང་།
མཚན་མོ་གནམ་གྱི་མིག་ཆུ།
མུན་ནག་གི་ལམ་འདིའི་ཐོག་ཏུ་ང་རང་གཅིག་པུར་གནས།
ཕུགས་བསམ།
ཕུགས་བསམ།
专辑信息
1.Me - 我