歌词
འབྲོག་མོ་སྙིང་ལ་རྗེ་བོ།
བཟོ་མཁན། དོན་དོན་གྲུབ།
ཚིག་རྩོམ་མཁན། གངས་དཔལ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་མཁན། ཤེར་བསྟན་དང་མགར་བསམ་འགྲུབ་ཚེ་རིང་།
རླུང་བུ་ཡར་ལ་ཤུག་ཤུག།
ཆུ་མོ་མར་ལ་ཤག་ཤག།
གནམ་སའི་འདྲེས་མཚམས་དེ་ན།།
ཕྱག་གཡས་ཐོད་ལ་ཀེར་བའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
རེ་སྒུག་ནང་ན་ཡོད་རེད།།
འབྲོག་མོ་སྙིང་ལ་རྗེ་བོ།།
རེ་སྒུག་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།
ཡར་འགྲོགས་དགའ་མ་རོགས།
ཨ་རོགས་ཡེ།
སྨུག་པ་ལང་ལོང་གསེབ་ནས།།
རི་གླུ་སིང་སིང་ལེན་པ།།
འཕྱོརལྭ་ཕྱིང་དཀར་ཡིན་པ།།
མཁུར་ལ་དམར་ཁ་ཚ་བའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
ལ་གཞས་ནང་ན་ཡོད་རེད།།
འབྲོག་མོ་སྙིང་ལ་རྗེ་བོ།།
ལ་གཞས་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།
ཡར་འགྲོགས་དགའ་མ་རོགས།
ཨ་རོགས་ཡེ།
ཡུལ་དེ་ལུང་པ་གཅིག་ནས།།
གློ་རྡེག་གཞོན་ཤ་རྫོགས་པ།།
འགྲོགས་ན་ཁ་བརྡ་མེད་ཀྱང་།
འགྲོ་ཞོར་ཟུར་མིག་འཕེན་པའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
ཚོར་བའི་ནང་ན་ཡོད་རེད།།
འབྲོག་མོ་སྙིང་ལ་རྗེ་བོ།།
ཚོར་བའི་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།
ཡར་འགྲོགས་དགའ་མ་རོགས།
ཨ་རོགས་ཡེ།
ཡར་འགྲོགས་ཆུང་མ་རོགས།
ཨ་རོགས་དགའ་མ་རོགས།
ཨ་རོགས་ཡེ།
专辑信息
1.爱的牧女