歌曲 / 歌词

扎西隆巴

嘉萨豆太加Listen on Apple Music

歌词

བཀྲ་ཤིས་ཉི་མ། བཀྲ་ཤིས་ཉི་མ།
བཀྲ་ཤིས་ཞི་བདེའི་གླིང་ལ་འཕྲོ་བར་སྨོན།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
ཤེས་རིག་འོད་སྣང་གསལ་གྱུར་ནས།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
སྐད་ཡིག་གི་ང་རོ་སྒྲོག་པར་སྨོན།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
སྐད་ཡིག་གི་ང་རོ་སྒྲོག་པར་སྨོན།
བཀྲ་ཤིས་ཉི་མ། བཀྲ་ཤིས་ཉི་མ།
བཀྲ་ཤིས་ཀླུང་རྟའི་ཆོལ་གསུམ་དར་བར་སྨོན།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
མཐུན་སེམས་དུང་ཟླ་དཀར་པོ་ལ།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
གཡོ་སྒྲུབ་མེད་པའི་སྨོན་འདུན་ཞུ།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
གཡོ་སྒྲུབ་མེད་པའི་སྨོན་འདུན་ཞུ།
བཀྲ་ཤིས་ཉི་མ། བཀྲ་ཤིས་ཉི་མ།
བཀྲ་ཤིས་ཉི་མ་བོད་ལ་འཆར་བར་སྨོན།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
རེ་བའི་རྨི་ལམ་མངོན་གྱུར་ནས།
བསྭོ་ཡ་ལ། གཞས་ར་ཕྲ་མོ།
སྲིད་གསུམ་ཁྱོན་ལ་འགེང་བར་ཤོག
བསྭོ་ཡ་ལ། གཞས་ར་ཕྲ་མོ།
སྲིད་གསུམ་ཁྱོན་ལ་འགེང་བར་ཤོག
བསྭོ་ཡ་ལ། གཞས་ར་ཕྲ་མོ།
སྲིད་གསུམ་ཁྱོན་ལ་འགེང་བར་ཤོག

更多歌手作品

专辑信息

扎西隆巴 →
  1. 扎西隆巴