歌词
༺ ཇོ་རིའི་ལྷ་མོ། ༻
ཚིག དགྲ་སྨོན་བསྟན་འཛིན་སྐལ་བཟང་།
གདངས། ལྷག་པ་དབང་འདུས།
ལེན་མཁན། ནོར་བུ་བསམ་གྲུབ། དཔལ་ཆེན་དབང་རྒྱལ།
ལྷུང་ལྷུང་གངས་ཆུ་དྭངས་མ།
ཇོ་རིའི་ཆབ་རྒྱུན་རེད་བཞག
སྙན་པོ་དྲི་ཟའི་དབྱངས་དེ།
ཇོ་རིའི་ལྷ་མོས་ལེན་བྱུང་།
བག་ཕེབས་ཡི་ག་དྭངས་བ།
སེམས་ཀྱི་གཏད་ས་རེད་བཞག
དཀར་པོ་གངས་ལ་འགྲན་པའི།
ལྷད་མེད་སེམས་ཀྱིས་མཛེས་སོང་།
དཀར་པོ་གངས་ལ་འགྲན་པའི།
ལྷད་མེད་སེམས་ཀྱིས་མཛེས་སོང་།
ཇོ་རིའི་འོག
མཚར་སྡུག་གི་མེ་ཏོག་རྣམ་པར་བཞད།
ལྷ་མོ་ལགས།
ཁྱེད་ཡོད་པས་རྫོགས་ལྡན་དུས་འདི་མཛེས།
བཅུ་དྲུག་ལང་ཚོས་རྫོགས་པའི།
འཛུམ་གྱིས་བསུ་བ་གནང་བྱུང་།
ཁོག་ཡངས་ཁྲེལ་གཞུང་ལྡན་པས།
ཡང་རྩེའི་སྟེང་གི་ཡས་སྒྲོན།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
清澈雪山之水
源自珠穆朗玛
曼妙动听之乐
始于珠峰天使
阳光般的笑容
犹如善良度母
珠峰美丽天使
缓缓向你走来
美丽珠峰天使
微笑踏歌而来
雪山间
你是洋溢幸福的花
珠峰下
你是最美最美的天使
雪山为你融化
雪莲为你绽放
白云为你舞动
珠峰美丽天使
Rap: ཨའ། ཨའ།
ངའི་སེམས་གཏིང་གི་ཇོ་མོ་གླང་མ།
ངའི་སེམས་གཏིང་གི་གླུ་དེ་ལེན་ནས།
ལྷུང་ལྷུང་གི་གངས་ཆུ་དྭངས་མ།
སྙན་པོ་དྲི་ཟའི་དབྱངས་དེ།
ཇོ་རིའི་ལྷ་མོས་ལེན་བྱུང་།
བག་ཕེབས་ཡི་ག་དྭངས་བ།
མཛེས་པའི་ཇོ་མོ་གླང་མ།
སེམས་ཀྱི་གཏད་ས་རེད་བཞག
མཛེས་པའི་ཇོ་རིའི་ལྷ་མོ།
བཅུ་དྲུག་ལང་ཚོས་རྫོགས་པའི།
འཛུམ་གྱིས་བསུ་བ་གནང་བྱུང་།
ཁོག་ཡངས་ཁྲེལ་གཞུང་ལྡན་པས།
ཕྱི་ནང་ཡོངས་སུ་མཐུན་སོང་།
བཅུ་དྲུག་ལང་ཚོས་རྫོགས་པའི།
འཛུམ་གྱིས་བསུ་བ་གནང་བྱུང་།
ཁོག་ཡངས་ཁྲེལ་གཞུང་ལྡན་པའི།
མཛེས་པའི་ཇོ་རིའི་ལྷ་མོ།
专辑信息
1.珠峰天使