歌词
ཤེར་བསྟན།
ཆོས་རྗེ་བླ་མ་རྣམ་གཉིས་
མཇལ་རྒྱུ་མི་འདུག་མ་བསམ་
བླ་མའི་གདམས་ངག་ཟབ་མོ་
གནང་རྒྱུ་མི་འདུག་མ་བསམ་
གསེར་ཞལ་རས་མྱུར་མཇལ་ཡོང་བའི་
རྟེན་འབྲེལ་བཟང་པོ་རེད་
ཁ་བཏགས་དཀར་པོ་
རྩ་བའི་བླ་མ་མཇལ་དར་ཕུལ་ཡོད་
གངས་སེང་དཀར་མོ་གཉིས་ཀ་
གངས་ལ་མི་འདུག་མ་བསམ་
ལ་རྒྱའི་གཡུ་རལ་སྔོན་མོ་
ངོམ་རྒྱུ་མི་འདུག་མ་བསམ་
སེང་དཀར་མོ་གངས་ལ་འགྱིང་བ་
རྟེན་འབྲེལ་བཟང་པོ་རེད་
ཁ་བཏགས་དཀར་པོ་
གངས་སེང་ཁྱེད་ལ་མཇལ་དར་ཕུལ་ཡོད་
ཞི་བདེ་ལྷ་བྱ་དཀར་པོ་
བོད་ལ་མི་འདུག་མ་བསམ་
གསུང་སྐད་དྲུག་འགྱུར་སྙན་དབྱངས་
གྲགས་རྒྱུ་མི་འདུག་མ་བསམ་
སྟོད་ལྷ་བྱ་བོད་ལ་འཕུར་ཡོང་
རྟེན་འབྲེལ་བཟང་པོ་རེད་
ཁ་བཏགས་དཀར་པོ་
ལྷ་བྱ་ཁྱེད་ལ་མཇལ་དར་ཕུལ་ཡོད་
རྒྱ་སྟག་དམར་ཡག་དར་མ་
ནག་ལ་མི་འདུག་མ་བསམ་
དམར་ཡག་སྟག་མོའི་འཛུམ་རིས་
ངོམ་རྒྱུ་མི་འདུག་མ་བསམ་
ལུས་འཛུམ་དྲུག་རི་མོ་ཤིག་སེ་
རྟེན་འབྲེལ་བཟང་པོ་རེད་
ཁ་བཏགས་དཀར་པོ་
རྒྱ་སྟག་ཁྱེད་ལ་མཇལ་དར་ཕུལ་ཡོད་
专辑信息