歌词
དགའ་གླུ།
ཨ་ཅག་ཚན་སྡེབ་དང་གནམ་ལྕགས་རོལ་ཚོགས།
ང་ཡིས་ཁྱེད་ལ་བཅངས་བའི་བརྩེ་སེམས་འདི།
མཛེས་ཤིང་མཐོ་བའི་གངས་རི་དཀར་པོས་དཔང་རྟགས་བྱས་ཆོག།
ལོ་ངོ་བརྒྱ་ཕྲག་གོང་གི་གླུ་གཞས་དེ་ནི།
ནམ་ཡང་བུ་ཆུང་ང་ཡི་སེམས་ལ་འཁོར།
བརྩེ་སེམས་མེ་ཏོག་སྣ་ཚོགས་བཞད་པ་ལྟར།
རྨི་ལམ་ཡིན་ཡང་ཐོས་ཤིང་སྔར་ལས་ལྷག།།
ཆུང་དུས་དྲིན་ཆེན་ཕ་མའི་བྱམས་སྐྱོང་འོག་ལ།
གང་འགྲོ་གང་སྤྱོད་རང་གི་འདུན་མ་ཡིན།
ད་ཆ་རང་གིི་འཚོ་བ་རང་གིས་བསྐྱལ་བའི་སྐབས།
ཡིད་ལ་དྲན་པའི་སེམས་ཀྱང་ཡུལ་ལ་ཤོར།
ད་ཆ་ང་རང་འགྲོ་བའི་ལམ་བུ་འདི།
མི་དང་མིའི་འབྲེལ་བ་ཟང་ཟིང་གི་འོག་ལ།
ཞེ་སྡང།
ཕྲག་དོག།
རྫུན་གཏམ།
སྣ་ཚོགས་དཀྱིལ་ལ་གད་མོ་ཤོར་ཞིང་གླུ་འདི་སེམས་ནང་འཁོར།
བྱ་དེ་ཁྲུང་ཁྲུང་དཀར་མོ།
ང་ལ་གཤོག་རྩལ་གཡོར་དང་།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧ།
ཐག་རིང་རྒྱང་ནས་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
འཚོ་བའི་དཀའ་སྡུག་སྐར་ཆ་འདི་ཡི་ནང་དུ།
ལས་ཀྱིས་བུ་མོ་ཁྱེད་དང་མཉམ་དུ་འཕྲད།
དྭངས་ཤིང་གཙང་བའི་བརྩེ་དུང་དག་མ་འདི།
འཕང་སེམས་མེད་པར་ཁྱེད་ལ་བཅངས་པ་ཡིན།
ང་ཡིས་ཁྱེད་ལ་བཅངས་བའི་བརྩེ་དུང་འདི།
གངས་རི་མཐོན་པོས་དཔང་རྟགས་མཚོན་བྱེད་ཆོག།།
འོན་ཀྱང་ནམ་ཞིག་ཁྱེད་ཀྱིས་སྐད་ཆ་འདི་ཡི་ནང་དུ།
སེམས་ཀྱིས་སེམས་ལ་བཅངས་པའི་བརྩེ་སེམས་བརྟག་པར་བྱོས།
ང་ལ་རྒྱུ་ཡི་བང་མཛོད་ཆེན་པོ་མེད་པར་རྟེན།
ང་ལ་དབང་ཡོད་གང་འདོད་མི་ཆོག་རྐྱེན།
སེམས་ལ་བཟོས་པའི་རྨ་དེ་རང་གིས་གསོས།
སེམས་གསོ་བྱེད་བཞིན་ཡང་བསྐྱར་གླུ་འདི་སེམས་ནང་འཁོར།
རྒྱ་གར་ཤར་གྱི་རྨ་བྱ།
ཀོང་ཡུལ་མཐིལ་གྱི་ནེ་ཙོ།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།།
འཛོམས་ས་ཆོས་འཁོར་ལྷ་ས།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།།
འཛོམས་ས་ཆོས་འཁོར་ལྷ་ས།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།
འཛོམས་ས་ཆོས་འཁོར་ལྷ་ས།
རེད། ད་ཆ་ང་རང་དཀའ་སྤྱད་འབད་བརྩོན་འོག་ལ།
གང་བཟའ་གང་འཐུང་གང་འགྲོ་གང་ཞིག་ང་ཡི་འདུན་མ་ཡིན།
དྲིན་ཆེན་ཕ་མའི་བཀའ་དྲིན་མཇལ་ལ་ཆོག།།
མི་ཚོགས་དཀྱིལ་ལ་མགོ་བོ་བཀྱག་ནས་འཚོ་བ་བསྐྱལ།
ང་ལ་སླར་ཡང་སེམས་ཤུགས་མ་གནང་བུ་མོ་བསམ་བློ་ཐོང་།
དེ་ལ་དངོས་པོའི་བདེ་སྐྱིད་ཡོང་མི་སྲིད།
དེ་ལ་ཉམས་མྱོང་ང་ལས་རང་ལ་མང་།
སྔོན་མའི་དུས་ཚོད་ཡང་བསྐྱར་ཡོང་མི་སྲིད།
གཅིག་སེམས་གཅིག་ལ་སྦྲེལ་ན་བདེ་སྐྱིད་ཡིན།
དྲག་ཆར་རླུང་འཚུབ་ནམ་ཡང་མཉམ་དུ་བསྡད།
ནམ་ཞིག་མེ་ཏོག་ལྡུམ་རའི་ནང་ལ།
གཞས་འདི་ཁྱེད་ལ་ལེན།
ལྕང་མ་བྱིའུར་སེམས་ཤོར།
བྱིའུ་ལྕང་མར་སེམས་ཤོར།
སེམས་ཤོར་མཐུན་པ་བྱུང་ན།
བྱ་ཁྲ་ཧོར་པས་མི་ཐོབ།
སེམས་ཤོར་མཐུན་པ་བྱུང་ན།
བྱ་ཁྲ་ཧོར་པས་མི་ཐོབ།
ཧ་ཧ་ཧ་ཧ་ཧ་ཧ་ཧ།
སེམས་ཤོར་མཐུན་པ་བྱུང་ན།
བྱ་ཁྲ་ཧོར་པས་མི་ཐོབ།
ཧ་ཧ་ཧ་ཧ་ཧ་ཧ་ཧ།
སེམས་ཤོར་མཐུན་པ་བྱུང་ན།
བྱ་ཁྲ་ཧོར་པས་མི་ཐོབ།
专辑信息