歌词
编曲 : 尼卓卓阿尔法
༼ བསླུ་བྲིད་ཀྱི་ན་ཟུག། ༽
诱惑的痛楚
ཚིག མདའ
作词:更松义西
དབྱངས། ར་ཚའི་སང་རྒྱས་ཕུན་ཚོགས།
作曲:让次·桑杰彭措
གཞས་པ། ཤག་ཤུལ་ཚེ་རིང་དོན་གྲུབ།
演唱/夏旭·才仁东周
ངར་དགའ་ཚུལ་དེ་བདེན་པར་བཟུང་མྱོང་།།
对我的爱意信以为真
གཞན་མེད་ཚུལ་དེ་ཡིད་ཆེས་བྱེད་མྱོང་།།
心无他人深信不疑
ལྐོག་ངན་འབྲེལ་ཀྱི་སྣང་ཚུལ་རེ་རེས།།
背叛感情的种种做法
སྙིང་གཏིང་རིམ་ལས་ན་ཟུག་བསླང་མྱོང་།།
在内心深处埋下了伤痕
གཏམ་བསླུ་བྲིད་ལ་བདེན་པ་འཛིན་མྱོང་།།
对诱惑之言信任过
རྫུན་ཁ་ཡག་ལ་ཡིད་ཆེས་བྱེད་མྱོང་།།
对谄媚之语信任过
དེང་ཕོ་མོ་ཡི་གཤིས་སྤྱོད་མ་ཤེས།།
未发现今人行为
སེམས་གླེན་པ་ལ་མནར་གཅོད་ཐེབས་མྱོང་།།
对心灵造成莫大伤痛
སེམས་གངས་དཀར་གྱི་བརྩེ་དུང་རྣལ་མ།།
洁白如雪的真挚之爱
རོགས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར།།
你却对此视而不见
ཕར་འགྱུར་མེད་ཀྱི་སེམས་འདུན་ཟབ་ཀྱང་།།
对你的爱意深似大海
ཚུར་གཅེས་སྐྱོང་གི་འདུ་ཤེས་མི་འདུག།
你却不懂加倍珍惜
སེམས་ལྷད་མེད་ཀྱི་སྙིང་གཏམ་བཤད་མྱོང་།།
诉说过深情的衷肠
སྙིང་དམར་པོ་ཡི་ལེགས་སྐྱེས་ཕུལ་མྱོང་།།
奉献了真挚的心意
ལས་དེ་དག་གི་མཇུག་འབྲས་ངོ་མ།།
到最后感情结局
སྙིང་སྙི་མོ་ལ་རྨ་ཁ་བཟོ་མྱོང་།།
刻下了累累心伤
རོགས་འགྱུར་མེད་ནི་སེར་པོ་གསེར་རེད།།
挚爱之人犹如黄金
གཏམ་བདེན་པ་ནི་དེ་ལས་དཀོན་རེད།།
句句真言犹为珍贵
དུས་འཕོ་འགྱུར་ལྟར་ཡོད་ཚད་འགྱུར་པས།།
世间万物常充变数
ངས་སུ་ཡིན་ཀྱང་ཡིད་ཆེས་མི་འདུག།
我对谁都了无信心
སེམས་གངས་དཀར་གྱི་བརྩེ་དུང་རྣལ་མ།།
洁白如雪的真挚之爱
རོགས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར།།
你却对此视而不见
ཕར་འགྱུར་མེད་ཀྱི་སེམས་འདུན་ཟབ་ཀྱང་།།
对你的爱意深似大海
ཚུར་གཅེས་སྐྱོང་གི་འདུ་ཤེས་མི་འདུག།
你却不懂加倍珍惜
སེམས་གངས་དཀར་གྱི་བརྩེ་དུང་རྣལ་མ།།
洁白如雪的真挚之爱
རོགས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར།།
你却对此视而不见
ཕར་འགྱུར་མེད་ཀྱི་སེམས་འདུན་ཟབ་ཀྱང་།།
对你的爱意深似大海
ཚུར་གཅེས་སྐྱོང་གི་འདུ་ཤེས་མི་འདུག།
你却不懂加倍珍惜
ཚུར་གཅེས་སྐྱོང་གི་འདུ་ཤེས་མི་འདུག།
你却不懂加倍珍惜
专辑信息
1.诱惑的痛楚