歌词
སྟོད་ཡུལ་ན་གངས་རྫ་འདྲེས་མ་ཞིག།
ཤར་གཉན་པོ་གཡུ་རྩེའི་གནས་རི་རེད།།
རི་འདི་ཡི་ངོ་སོ་ཡར་ལ་བསྟོད།།
ལྷ་བདེ་མཆོག་ནོར་བུའི་ཕོ་བྲང་རེད།།
ཡེ། ཕ་ཡུལ་གཡུ་རྩེ།
ཡེ། ང་ཡི་བླ་རི།
ངའི་ཕ་ཡུལ་གཉན་པོ་གཡུ་རྩེ་རེད།།
བར་གན་ན་མཚོ་སྨན་འདྲེས་མ་ཞིག།
ཤར་བྱེའུ་མཚོ་གཡང་གི་མེ་ལོང་རེད།།
མཚོ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
ཀླུ་དུང་སྐྱོང་དཀར་པོའི་བཞུགས་གནས་རེད།།
ཡེ། ཕ་ཡུལ་གཡུ་རྩེ།
ཡེ། ང་ཡི་བླ་རི།
ངའི་ཕ་ཡུལ་གཉན་པོ་གཡུ་རྩེ་རེད།།
མཐའ་གན་ན་རི་དགོན་འདྲེས་མ་ཞིག།
ཤར་གཡུ་རྩེ་ལྷ་སྡེ་ཕྱུག་མོ་རེད།།
སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
ངའི་ཕ་ཡུལ་དུང་སེམས་ཅན་པོ་རེད།།
ཡེ། ཕ་ཡུལ་གཡུ་རྩེ།
ཡེ། ང་ཡི་བླ་རི།
ངའི་ཕ་ཡུལ་གཉན་པོ་གཡུ་རྩེ་རེད།།
ཡེ། ཕ་ཡུལ་གཡུ་རྩེ།
ཡེ། ང་ཡི་བླ་རི།
ངའི་ཕ་ཡུལ་གཉན་པོ་གཡུ་རྩེ་རེད།།
གཉན་པོ་གཡུ་རྩེ་ལ་རེད།།
གཉན་པོ་གཡུ་རྩེ་ལ་རེད།།
专辑信息