新寨嘉那嘛呢

歌词
སེང་ཟེ་རྒྱ་ནག་མ་ཎི།
ཚིག བློ་བཟང་དངོས་གྲུབ།
དབྱངས། བསོད་ནམས་སྐྱབས།
གཞས་པ། བསྟན་པ།
ལྷུན་སྡུག་བརྗིད་ཆགས་རབ་དཀར་གངས་རིའི་འཕྲེང་།
སྤང་ལྗོངས་སྔོན་མོ་ཆབ་ཀྱིས་སྐ་རག་འཆིང་།
མདོ་སྟོད་ཡུལ་ཤུལ་ལྷ་ཡུལ་གཉིས་པ་ཞེས།
སེང་ཟེ་རྒྱ་ནག་མ་ཎི་བྱིན་རླབས་འབར།
ཨོ་་་་་་ལྷ་ཡུལ་གཉིས་པ།
གནས་མཆོག་སེང་ཟེ།
ཨོ་་་་་་ མཛམ་གླིང་གཟི་བརྗིད།
མ་ཎི་རྡོ་མཁར།
བཀྲ་ཤིས་གཡང་ཆགས་གནས་ཀྱི་བྱིན་རླབས་ཆེ།
ཁམས་སྟོད་སྒ་ཡུལ་ཆོས་ཀྱི་སྦྲང་ཆར་འབབ།
རྨ་འབྲི་མགོ་ཁུངས་མི་ཡི་ཞིང་བཀོད་ཞེས།
སེང་ཟེ་རྒྱ་ནག་མ་ཎི་འོད་སྟོང་འབར།
ཨོ་་་་་་ བདེ་སྐྱིད་ལུང་བ།
གནས་མཆོག་སེང་ཟེ།
ཨོ་་་་་ གངས་ཅན་ཕ་ཆོས།
མ་ཎི་རྡོ་འབུམ།
ཨོ་་་་་ མི་ཡུལ་ཞིང་ཁམས།
གནས་མཆོག་སེང་ཟེ།
ཨོ་་་་་ རིགས་དྲུག་དམ་ཆོས།
མ་ཎི་གཏེར་མཛོད།
巍巍雪山纯白连成峰,
茵茵绿地溪流作飘带,
大美玉树第二仙境誉,
新寨嘉那嘛尼圣灵现。
哦.……第二仙境
圣地新寨
哦..….世界名景
嘛尼石堆
吉祥福瑞圣灵聚此地,
瑞地玉树洗礼佛法雨,
三江之源人间天堂誉,
新寨嘉那嘛尼神光现。
哦..…幸福之都
圣地新寨
哦..….雪域母法
嘛尼石堆
哦……人间天堂
圣地新察
哦..…六道佛法
嘛尼宝库
专辑信息
1.治多民中
2.吉祥酒歌
3.梦你
4.嘉洛故里
5.吉祥雪域
6.思念
7.新寨嘉那嘛呢