歌词
བདེ་ཆེན་དབང་མོ།
ཁྱོད་ཨ་མའི་པང་དུ་རྩེད་དུས་སུ།
མ་བརྩེ་བ་ཅན་གྱི་འཛུམ་མདངས་ཡིན།
ཕ་དྲིན་པོ་ཆེའི་གཡང་ནོར་ཡིན།
བདེ་ཆེན་དབང་མོ།
ཁྱོད་རྩེད་ར་ལྗང་ཁུར་རྩེད་དུས་སུ།
གྲོགས་ན་ཟླ་ནང་ནས་དྭངས་མ་ཡིན།
བུ་བུ་མོ་ཀུན་གྱི་རྩེད་གྲོགས་ཡིན།
བདེ་ཆེན་དབང་མོ།
ཁྱོད་ལ་ལུང་བརྒལ་ནས་མ་འགྲོ་ན།
སྟོད་འབྲོག་ཐང་སྒོར་མོ་ཁྱོད་ཀྱི་ཡིན།
སྨད་ཞིང་ཐང་སྒོར་མོ་ཁྱོད་ཀྱི་ཡིན།
བདེ་ཆེན་དབང་མོ།
ལྷའི་སྲས་མོ། མིའི་བུ་མོ། བུ་མོ་མེ་ཏོག་མ།
བདེ་ཆེན་དབང་མོ་ཡ། བདེ་ཆེན་དབང་མོ།
ཁྱོད་ལ་ལུང་བརྒལ་ནས་མ་འགྲོ་ན།
སྟོད་འབྲོག་ཐང་སྒོར་མོ་ཁྱོད་ཀྱི་ཡིན།
སྨད་ཞིང་ཐང་སྒོར་མོ་ཁྱོད་ཀྱི་ཡིན།
བདེ་ཆེན་དབང་མོ་ཡ། བདེ་ཆེན་དབང་མོ།
ལྷའི་སྲས་མོ། མིའི་བུ་མོ། བུ་མོ་མེ་ཏོག་མ།
བདེ་ཆེན་དབང་མོ།
ཁྱོད་ཤེས་རིག་ཚལ་ལ་འཁོར་དུས་སུ།
དྲིན་སློབ་དཔོན་དམ་པའི་རེ་བ་ཡིན།
ཐབས་ཤེས་རབ་ཟུང་གི་བདག་པོ་ཡིན།
བདེ་ཆེན་དབང་མོ།
ཁྱོད་བརྩེ་དུང་གྲོང་ཚོར་འགྲིམས་དུས་སུ།
སྟག་ཤ་ར་ཀུན་གྱི་གཉེན་པོ་ཡིན།
སྨན་བུ་མོ་ཀུན་གྱི་དགྲ་ཟླ་ཡིན།
བདེ་ཆེན་དབང་མོ།
ཁྱོད་འཇིག་རྟེན་ཁྲ་ཁྲར་མ་འཁོར་ན།
ངའི་སེམས་ཀྱི་བུ་ཆུང་ཁྱོད་ཀྱི་ཡིན།
གཞིས་ཁྱིམ་ཐབ་དྲོན་མོ་ཁྱོད་ཀྱི་ཡིན།
བདེ་ཆེན་དབང་མོ།
ཁྱོད་འཇིག་རྟེན་ཁྲ་ཁྲར་མ་འཁོར་ན།
ངའི་སེམས་ཀྱི་བུ་ཆུང་ཁྱོད་ཀྱི་ཡིན།
གཞིས་ཁྱིམ་ཐབ་དྲོན་མོ་ཁྱོད་ཀྱི་ཡིན།
བདེ་ཆེན་དབང་མོ།
ལྷའི་སྲས་མོ། མིའི་བུ་མོ། བུ་མོ་མེ་ཏོག་མ།
བདེ་ཆེན་དབང་མོ་ཡ། བདེ་ཆེན་དབང་མོ།
ཁྱོད་འཇིག་རྟེན་ཁྲ་ཁྲར་མ་འཁོར་ན།
ངའི་སེམས་ཀྱི་བུ་ཆུང་ཁྱོད་ཀྱི་ཡིན།
གཞིས་ཁྱིམ་ཐབ་དྲོན་མོ་ཁྱོད་ཀྱི་ཡིན།
བདེ་ཆེན་དབང་མོ་ཡ། བདེ་ཆེན་དབང་མོ།
ལྷའི་སྲས་མོ། མིའི་བུ་མོ། བུ་མོ་མེ་ཏོག་མ།
专辑信息
1.德钦旺姆