歌词
དྲན་པ་དགུ་སྐོར།
念念不忘
ཚིག རྟ་བོའུ་བཀྲ་ཤིས་རྡོ་རྗེ།
词: 扎西多杰
དབྱངས། མགོ་ལོག་བཀྲ་ཤིས་དོན་གྲུབ།
曲:果洛扎西东智
ལེན་མཁན། མགོ་ལོག་བཀྲ་ཤིས་དོན་གྲུབ།
演唱:果洛扎西东智
༡ཆུང་ལང་ཚོ་འཚར་སའི་ཕ་ཡུལ་གྱི།།
童年长大在一个故乡的
མཛངས་གཤིས་ཡག་དགའ་ལོ་སེམས་བཟང་མའི།།
温柔善良的姑娘
ཞལ་འཛུམ་དཀར་ཟླ་བ་གཞོན་ནུ་ཡིན།།
明亮笑容像月亮
འདང་ཞེ་བརྩེ་འོ་མ་དཀར་པོ་ཡིན༎
深情相爱忘不掉
ཆུང་རྩེད་གྲོགས་སྙིང་གི་གཅེས་ལོ་མ།།
没世难忘的心肝宝贝
སྡུག་མིག་ཆུའི་ནང་གི་དྲན་ཤིང་མ།།
思念泪水中的情人
སེམས་དྲོད་ཁོལ་ཞིག་གི་བདག་མོ་ཡིན།།
我爱你 ! 亲爱的
གཅེས་མ་ཐུབ་འཁྱམ་པོ་ཚེ་འགྱོད་ཡིན།།
我永远珍惜你的爱
དེ་བསམ་ནས་དམ་ཚིག་དམར་པོ་ཞིག།
为你付出一切
ཞེ་རུས་པའི་གཏིང་ལ་བཟུང་ཡོད།།
是一生当中最宝贵的一切
ལུས་ཤ་ཁྲག་དམར་པོ་འཇིག་སོང་རུང་།།
如果有一天我的呼吸停顿了
སེམས་གངས་དཀར་ཡིད་ན་བསུབ་མེད་ཡིན།
死而无憾
ལས་མི་རྟག་འཇིག་རྟེན་སྣང་བ་འདིའི།།
变幻无常的感情
སྐྱིད་མི་རྟག་མདང་གསུམ་རྨི་ལམ་རེད།།
像昨晚的梦一样很难现实
གླིང་མི་ཁས་བསྐོར་བའི་སྡེ་མཐའ་ནས།།
遭人嫉妒的议论
མིག་མཆི་མས་སྐོར་བཞིན་བྲལ་ནས་ཐལ།།
我们虽不能在一起
རོགས་འདང་ཆེན་དམར་ཆུང་སྲོག་ཟིག་ཡིན།།
你是我心里最宝贵的
སྲོག་འདྲ་བའི་རོགས་ལོར་འབྲལ་དགོས་ན།།
宝贵的你不能离开我
སྡུག་ཡ་ཆུང་དཀྱིལ་གྱི་སྐྱོ་བ་འདི།།
我心里的苦
ལྷོ་རྒྱ་མཚོར་སྨུག་སྤྲིན་ལངས་འདྲ་རེད།།
像大海勃起乌云
༢ རོགས་དྲན་ནས་ཉིན་མཚན་ཆོད་དཀའ་ཀི།
没你的夜晚好难过
སེམས་སྡུག་ནས་སྙིང་གཏམ་བཤད་དཀའ་ཀི།
伤心而不想说话
ཚིག་བཤད་ས་མེད་ནི་མ་རེད་ད།།
不是没人理我
འདང་ཞེ་བརྩེ་མེད་ན་དོན་མེད་རེད།།
是我不想理他人
ས་སྡེ་ཆེན་བུ་མོ་སེམས་བཟང་ཚོས།།
在这个世上
སེམས་གངས་དཀར་རྣམ་ཤེས་རྒྱུ་ལ་འཁྲེང་།།
有的女人喜欢财产
རྒྱུ་ཕྱུག་ཆེན་བུ་ལོར་སྨོན་པ་ཤོར།།
希望嫁给土豪的男人
འདི་བསམ་ན་གཤིས་བཟང་རོགས་ལོ་དྲན།།
但你绝对不是
རྒྱུ་ཡོད་དུས་སེང་ཆེན་དགྲ་འདུལ་ཡིན།།
有钱什么事都好办
ང་སྡེ་མཐའི་བུ་མོའི་སྲོག་ཕྱེད་ཡིན།།
女孩都羡慕嫉妒
རྒྱུ་མེད་ན་སྤྲང་ཕྲུག་འཁྱམ་པོ་ཡིན།།
没钱的人没人理
འདི་བསམ་ན་སེམས་བཟང་དགའ་ལོ་དྲན།།
想起这是我很念你
གཟུགས་སྐྱེ་ཡག་རོགས་ལོ་འདང་ཆེན་མ།།
我心爱的女人
ཞལ་འཛུམ་དཀར་སྟོང་ལྡན་པདྨ་ཡིན།།
花一样的美丽
ཁ་ཚིག་གསུམ་རྗེ་བཙུན་མགུར་མ་ཡིན།།
你我的诺言
དོན་བསླུ་མེད་རྡོ་ཐོག་རི་མོ་ཡིན།།
永记在心
ས་སྡེ་ཆེན་རོགས་བརྒྱ་འཚོག་ས་ནས།།
在欢乐的场所
ངོ་འཛུམ་ཆུང་གྲོལ་ན་བརྒྱན་ཟིག་ཡིན།།
你的笑容与众不同
རི་སྐྱ་བོ་སྟོང་གི་དབུ་རྩེ་ནས།།
在世界的山中
གངས་དཀར་པོ་བཞིན་དུ་ལྷང་ཟིག་ཡིན།།
像喜马拉雅一样高傲
༣སེམས་མ་སྐྱོ་དམར་ཆུང་སྲོག་རྡོག་མ།།
不要伤心,我的爱人
རོགས་དྲན་པའི་ཚིག་གསུམ་ཡོད་བཏང་ན།།
有你在我心
ཕོ་ང་ཡི་སེམས་ཀྱི་སྐྱིད་ཟིག་ཡིན།།
再苦也值得
སྡུག་རྨ་ཁ་སོས་པའི་སྨན་ཟིག་ཡིན།།
永不后悔
དོན་རེ་རེར་འདང་རེ་བརྒྱབ་བཏང་ན།།
想起你我的风风雨雨
སྡུག་ན་བུན་ནང་ནས་མི་བུད་ཀི།
我伤心过度
གནའ་དང་མའི་ཞེ་འདང་བསམ་བཏང་ན།།
想起过去的时光
སེམས་ཕྱིར་དྲན་ཀློང་ནས་མི་ཐར་ཀི།
我一直在迷幻当中
རོགས་མ་དྲན་མིག་ཆུ་མ་གཏོང་ར།།
你不要为我哭泣
ངས་ནམ་ཐུག་ལོ་ཟླ་བརྩིས་ནས་ཡོད།
我盼望见你的日子
།ཚིག་སྙིང་གཏམ་སེམས་གང་བཟུང་ནས་ཡོད།།
记住你说过的每句话
སྡུག་མཆི་མའི་ནང་ན་བསྒུགས་ནས་ཡོད།།
默默的哭泣而等待
སྤྱིར་མ་དྲན་ཟེར་ནི་ཅི་ཡིན་ར།།
不是说你别想我
ཁྱོའི་སེམས་ལ་སྡུག་ཅིག་ཡོད་བཏང་ན།།
只要你不开心
སེམས་མི་བདེ་སྤྱད་ཀྱི་གཞི་ཟིག་རེད།།
我也不快乐
གཉིད་མི་ཁུགས་སྤྱད་ཀྱི་གཞི་ཟིག་རེད།།
夜夜失眠而过
སྡུག་སྐྲ་ལོ་རིང་བའི་འཁྱམ་པོ་ངས།།
独狼一般的我
རོགས་དྲན་པའི་སྡུག་གཏམ་རིང་མོ་འདི།།
想念爱人的话题
གདངས་སྙན་མོ་ཞིག་ལ་བསྐྱོན་ནས་བསྐུར།།
唱给远方的你
ངའི་རྒྱང་རིང་རོགས་ལོར་འཕྲོད་པར་སྨོན།།
专辑信息
1.扎西东智