歌词
གཡག་རྒོད་ལ་ཡའི་མདུན་རོལ།
སོག་གི་ཙན་དན་དགོན་ཆེན།
དཀར་དམར་ཕོ་བྲང་བརྗིད་ཅིང་ཆགས་པའི་ནང་།
བྱམས་ལྡན་སྤྱན་རས་འདྲ་བའི་འཇིགས་སྤྲུལ་བཞུགས།
བསྟན་པའི་ཆོས་ར་ཡང་ཡང་འཚོགས།
སྐྱིད་པའི་ཕ་ཡུལ་ཕྱོགས་སུ།
དྲིན་པའི་ཕ་མ་བཞུགས་ཡོད་།
ཕ་མའི་བྱམས་ཀྱིས་བསྐྱོང་བའི་བུ་ཆུང་ངས།
དྭངས་གཙང་ཕ་སྐད་གཙང་མའི་གླུ་གཞས་འདི་།
དྲིན་ཆེན་ཕ་མ་གཉིས་ལ་མཆོད་པ་འབུལ།
གཡག་རྒོད་ལ་ཡའི་མདུན་རོལ།
སོག་གི་ཙན་དན་དགོན་ཆེན།
དཀར་དམར་ཕོ་བྲང་བརྗིད་ཅིང་ཆགས་པའི་ནང་།
བྱམས་ལྡན་སྤྱན་རས་འདྲ་བའི་འཇིགས་སྤྲུལ་བཞུགས།
བསྟན་པའི་ཆོས་ར་ཡང་ཡང་འཚོགས།
མཛེས་སྡུག་སྐྱིད་ཀྱི་སོག་ཤོད་།
བསོད་ནམས་ལོངས་སྤྱོད་ལྡན་པ།
མཐུན་སྒྲིལ་གསེར་གྱི་སྐྱིད་པའི་དགོད་སྒྲའི་ཁྲོད་།
སྤུན་ཟླ་མིང་སྲིང་དགའ་སྤྲོའི་འཚོ་བ་རོལ།
ཕ་ཡུལ་སོག་ཤོད་འདི་འདྲིའི་སྐྱིད་པ་ལ།
专辑信息
1.故乡索秀