歌词
编曲 : 郎甲·曲迈才让
གཞས་ར་ཁྲ་མོ་ཡེ། མེས་པོའི་དབྱངས་རྟ་ཡིན།
གཞས་མགོ་དབུས་ན་ཡོད། ཆོས་ཀྱི་ཆོལ་ཁ་ཡིན།
དཀར་པོ་ལྷ་ཆོས་ཡིན། བར་གཞས་སྟོད་ན་ཡོད།
མི་ཡི་ཆོལ་ཁ་ཡིན། བཙན་པོའི་གདུང་རྒྱུད་ཡིན།
གཞས་ཆུང་སྨད་ན་ཡོད། རྟ་ཡི་ཆོལ་ཁ་ཡིན།
ཧོ་་ཡེ་་་་་་ཡེ་་་་་ཧོ་་་ཡེ་་་་་་་ཡེ་་་
མདོ་རིགས་རྟ་ཕོ་ཡིན། གོམ་ཁ་བང་གིས་བཤིབས།
བོད་པའི་བླ་སྲོག་ཡིན། བོད་པའི་སྙིང་ནོར་ཡིན།
གཞས་ར་ཁྲ་མོ་ཡེ། མེས་པོའི་དབྱངས་རྟ་ཡིན།
གཞས་ཚིག་དབུས་ན་ཡོད། དབྱངས་གསལ་སོ་བཞི་ཡིན།
བོད་མའི་ངག་ན་སྙན། གཞས་གདངས་ཁམས་ན་ཡོད།
རྒྱུད་དྲུག་པི་ཝང་ཡིན། འོ་ཟོམ་ཁ་ན་ལྟེམ།
གཞས་པ་སྨད་ན་ཡོད། ཁུ་བྱུག་སྔོན་མོ་ཡིན།
ཧོ་་ཡེ་་་་་་ཡེ་་་་་ཧོ་་་ཡེ་་་་་་་ཡེ་་་
ཞི་བདེ་ཕོ་ཉ་ཡིན། གཞས་ཆུང་སྙན་མོ་འདི།

专辑信息