歌词
སྨོན་འདུན།
祝福
སྐྱིད་པའི་ལྷ་རིའི་ལུང་བ།
བུ་ང་སྐྱེས་སའི་ཕ་ཡུལ།
གང་ས་གང་དུ་འགྲིམས་རུང།
སེམས་ནས་ནམ་ཡང་བརྗེད་མེད།
ཕ་ཡུལ་ཟེར་བའི་ཡུལ་ཞིག
སྐྱིད་པོ་ཟེར་བའི་ཁྱིམ་ཞིག།
ཕ་མ་ཟེར་བའི་གཉེན་ཞིག།
བྱམས་སྐྱོང་ཟེར་བའི་དྲིན་ཞིག།
གཡང་ཁྱིམ་གྲུ་བཞིའི་ནང་གི།
དྲིན་ཆེན་ཕ་མ་རྣམ་གཉིས།
ནད་མེད་ཚེ་རིང་ཡོང་བའི།།
སྨོན་ལམ་སྙིང་་ནས་བཏབ་ཡོད།
ལྷད་མེད་གྲོགས་ཀྱི་དངས་མ།།
མི་ཚེའི་འཚོ་བའི་དཔུང་ཡ།།
མཛའ་བརྩེ་ཕྱི་ཐག་རིང་བའི།།
གླུ་ཆུང་སེམས་ཀྱིས་བླངས་ཡོད།།
བཀྲ་ཤིས་ཉི་མ་དེ་རིང་།
ཕ་ཡུལ་སྐྱིད་པའི་པང་ལ།།
ཕུ་ནུ་ལྷན་འཛོམས་བྱུང་བ།།
གཡང་གི་མཚོ་མོ་གཡས་འཁྱིལ།
བཀྲ་ཤིས་ཉི་མ་དེ་རིང་།
ཕུ་ནུ་ལྷན་འཛོམས་བྱུང་བ།།
སེམས་དགའ་བའི་གླུ་ཆུང་དེ་རིང་ངས་ལེན། oh~
བཀྲ་ཤིས་ཉི་མ་དེ་རིང་།
ཕ་ཡུལ་སྐྱིད་པའི་པང་ལ།།
ཕུ་ནུ་ལྷན་འཛོམས་བྱུང་བ།།
གཡང་གི་མཚོ་མོ་གཡས་འཁྱིལ།
专辑信息