歌词
编曲 : 南拉加/海森堡Heisenberg
གངས་རི་ར་བས་བསྐོར་བའི་ཞིང་ཁམས་ན།
在那伫立雪山的深出
བྱམས་དང་བརྩེ་བས་ཕྱུག་པའི་མི་རིགས་ཤིག་ཡོད།
生活着一群善良的民族
སྲོལ་དང་ཆ་ལུགས་མ་འགྱུར་ལུས་ལ་མཛེས།
在悠久历史的长河中
སྐད་དང་ཡི་གེ་མ་འགྱུར་ངག་ལ་མཛེས།
依然保持着传统的文化魅力
ཉི་ཟླ་རི་བོའི་རྩེ་ན་ལོ་རྒྱུས་མེ་ལོང་གསལ་ལྷང་ལྷང་།
在日月山上闪耀着历史的镜子
སྟོང་བཙན་བློ་རིག་གངས་ཅན་ཡོངས་ལ་གྲགས།
东赞的智慧名扬天下
ཁྲི་ཤོར་རྒྱལ་མོའི་ཁ་ན་བཙན་པོའི་དཔའ་སྐད་ཆོ་ལོ་ལོ།
青海湖旁留下了的古人的传说
མེས་པའི་དཔའ་ངར་འཛམ་གླིང་ཡོངས་ལ་གྲགས།
古人的勇气名扬天下
མ་ཉལ་ལོངས་ལ་ལྟོས།
不要再沉睡
རེ་བའི་རྔ་སྒྲ་སྒྲོགས།
希望之鼓已响起
དུས་རབས་ཉེར་གཅིག་གི་འཕོ་འགྱུར་ཁྲོད་ནས་ང་ཚོ་མཉམ་དུ་འགྲོ།
跟着时代的步伐一起进步
གཞན་སེམས་མ་དཀྲུག་རོགས།
不要污蔑他人
རང་ཚུགས་མ་ཤོར་རོགས།
不要丢失自我
གཞན་གྱི་ཡོད་ཚད་ལ་སྨོན་པ་ཤོར་ནས་རང་ཉིད་མ་འབོད་རོགས།
不要向往他人的一切而丢失自己
ཨ་ཁུ་པད་མ་ཡེ།
阿克班玛
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན།
在那高空飞翔的雄鹰
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད།
承托着天空的美丽
ཨ་ཁུ་པད་མ་ཡེ།
阿克班玛
མར་བབས་ན་བྲག་རིས་སྐྱིད་ཞིག་རེད།
代表着大地的宽阔
ཁྱོད་མེད་ན་བྲག་ཐེམས་སྟོང་བ་རེད།
草原因你而美丽